རྐང་ཚ་རྫོང་གིས་ཧྲན་ཏུང་གི་རོཊ་སྐྲུན་ལས་གཞི་ལས་མགོ་བརྩམས།

ཟླ4པའི་ཚེས17ཉིན། ཡུལ་དངོས་སུ་ཤོག་སྦག་གི་སྒྲ་དང་ས་རྐོ་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་མཚོ་སྔོན་པོའི་མཚོ་ཆུ་རྒྱས་ནས་བསྣུབས་པའི་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གནས་སྤོ་དང་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་ལས་གཞི་དངོས་སུ་ལས་མགོ་བརྩམས།

ལས་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི6310བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ4083.68ཟིན་ལ་ཕན་ཐོག་པའི་མང་ཚོགས་ཁྱིམ་ཚང192ཡོད། དེའི་ཁྲོད་དུས་ཐེངས་དང་པོར་མ་དངུལ་སྒོར་ཁྲི2000(ཧྲན་ཏུང་གི་རོགས་སྐྲུན་མ་དངུལ)བཏང་ནས་སྡོད་ཁང་ཐོག་ཁང4(5#、6#、7#、8#)ཡི་ཁང་བ64བསྐྲུན། དུས་ཐེངས་གཉིས་པར་མ་དངུལ་སྒོར་ཁྲི4310བཏང་ནས་ཐོག་ཁང6ཡི་ཁང་བ128བསྐྲུན། ཆུ་གཏོང་བཟོ་སྐྲུན་དང་དྲོད་འདོན་བཟོ་སྐྲུན། གློག་ཤུགས་བཟོ་སྐྲུན་བཅས་ལེ་ལག་ཚང་བའི་སྒོ་ནས་ལག་བསྟར་བྱས་ཚེ། རྐང་ཚ་རྫོང་གི་མཚོ་ངོགས་འགྲམ་རྒྱུད་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ཀྱིས་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་སྡོད་གནས་ཀྱི་ཆ་རྐྱེན་ཆེས་ཆེར་ལེགས་བཅོས་བྱུང་།

ལས་གཞི་དེ་ནི་རྐང་ཚར་ཧྲན་ཏུང་གི་རོགས་སྐྲུན་ལས་གཞིས་ཨར་ལས་དུས་ཚིགས་སུ་ལས་མགོ་བསྐྱར་འཛུགས་བྱས་པའི་བསྡུས་རིས་ཤིག་རེད། དེ་དང་འདྲ་བར་ལས་མགོ་བསྐྱར་འཛུགས་བྱེད་མཁན་ད་དུང་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མས་སྦི་རག་དང་སྦྲ་གར་སྒར་འདེབས་རྟེན་གཞིའི་དུས་ཐེངས་གཉིས་པའི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་ས་ཚིགས། གཡུ་དཀར་འོམ་ལུང་ཡུལ་ཚོ་ཡལ་ཤུལ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་གཅིག་སྡུད་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ལས་གཞི་སོགས་ཡོད། ལས་མགོ་བསྐྱར་འཛུགས་ཀྱི་ལས་གཞི་གསུམ་པོ་དེ་ལོ་གཉིས་རིང་གི་ལས་གཞི་ཡིན་པ་དང་མིག་སྔར་འཛུགས་སྐྲུན་གྱི་མྱུར་ཚད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཡུལ་སྐོར་དུས་ཚིགས་མ་སླེབས་སྔོན་ཕན་འབྲས་ཐོན་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།

ད་ལོར་རྫོང་ཡོངས་སུ་ཧྲན་ཏུང་གི་རོགས་སྐྲུན་ལས་གཞི9ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.24བཏང་བ་དང་། ལོ་འཁོར་གྱི་འཆར་གཞི་སྒོར་ཁྲི5250བཏོན་པ་དེའི་ནང་ཞིང་ཕྱུགས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་བཅོས་སྐྱོང་ཉམས་གསོ། རོང་འབྲོག་པ་བཀོད་སྒྲིག་སོགས་འདུ།  རྐང་ཚ་རྫོང་གིས་ན་ནིང་ལོ་མཇུག་ནས་བཟུང་སྔོན་ལ་བཀོད་སྒྲིག་དང་། དུས་ཡུན་ལྡོག་སྒྲིག་འཆར་གཞི་བཟོས་ནས་ལས་མགོ་རྩོམ་རྒྱུའི་ལས་གཞིའི་དུས་མགོའི་འགྲོ་ལུགས་གཉེར་བར་ལྟ་སྐུལ་མཛུབ་ཁྲིད་ནན་ཏན་བྱས་ཤིང་། ད་ལོའི་ལོ་མགོར་མཐུན་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་མགོ་རྩོམ་རྒྱུའི་འགག་མདོའི་གནད་དོན་ཐག་གཅོད་བྱས་ཏེ་མཐོ་སྒང་རྩ་ཆེའི་ལས་མགོ་རྩོམ་རྒྱུའི་དུས་ཚིགས་ཉིན་གཅིག་ཀྱང་འཕྲོ་བརླག་མི་གཏོང་བར་རོགས་སྐྲུན་ལས་གཞི་སོ་སོ་བདེ་བླག་ངང་ལས་མགོ་རྩོམ་ཐུབ་པར་འགན་ལེན་བྱས། 

ལིའོ་ཁྲིན་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་གཞོན་པ་དང་རྐང་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། ལིའོ་ཁྲིན་གྲོང་ཁྱེར་གྱི་རོགས་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་གི་ཚན་གཙོ་སུན་ཅན་ཏེ་ཡིས་ལིའོ་ཁྲིན་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་གིས་ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཏང་ཨུ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་མཉམ་ལངས་དང་མཉམ་འདུག མཉམ་སྒྲུབ་བཅས་བྱས་ནས་ལོ་འཁོར་གྱི་རོགས་སྐྱོར་ལས་གཞི་ཚང་མ་ལས་མགོ་བརྩམས་ཏེ་ལོ་ཧྲིལ་པོའི་ལས་གཞི་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号