ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས་པ།
ཟླ4པའི་ཚེས28ཉིན། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི“རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཝན་ཀྲིན་ཞང་གིས་ཐུན་མོང་ཐོག་སྒོ་བྱང་བཀལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཝན་ཀྲིན་ཞང་གཉིས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་། ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་པར་ཐུགས་རྗེ་ཆེ་ཞུས། ཀྲང་ཧྲིང་ཡོན་གྱིས་བསྟན་དོན། སྒོ་བྱང་འགེལ་བའི་མཛད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེ་ནི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་མཚོ་བྱང་ཁུལ་གྱི་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་འཛུགས་སྐྲུན་ལ་སྐུལ་མ་ཆེན་པོ་ཐེབས་པ་ཞིག་ཀྱང་རེད་ཟེར། ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་བྱང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དངོས་འཛིན་དངོས་སྒྲུབ་བྱས་ནས་སྐྱེ་ཁམས་སྤུས་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། "གནས་བཞིའི"འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་ཕྱིན་པ་དང་དཔལ་འབྱོར་ཕྱོགས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ནས་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཤུགས་ཆེན་ལྡན་ཡོད། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངུལ་རྩའི་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔ་རྗེས་སུ་དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་དང་དངོས་ཚན་དཔལ་འབྱོར་གྱི་དངུལ་བུན་སྐྱེད་གསབ་མ་དངུལ་དོ་དམ་བྱ་ཐབས་སོགས་སྲིད་ཇུས་དང་བྱ་ཐབས་བཏོན་ནས་གཉིས་ཁེ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱུང་སྟེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཟེར། ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་གིས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཟམ་པ་དང་སྦྲེལ་ཐག་ཧུར་ཐག་སྒོས་བཏོད་དེ་དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་པ་དང་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་རྒྱུར་ལྟ་རྟོག་བྱས་ཏེ། དངུལ་རྩའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་དངུལ་རྩའི་གནས་སྟངས་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་ཆེན་པོར་སྣེ་ཁྲིད་བྱ་དགོས་པར་བསྟན།ཝན་ཀྲིན་ཞང་གིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ན་ནིང<<ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་འཐབ་ཇུས་གྲོས་མཐུན>>ལ་མིང་རྟགས་བཀོད་དེ་སྲིད་དངུལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་མཉམ་རྒྱལ་སྟེགས་བུ་བསྐྲུན་ནས་ཡུན་རིང་བརྟན་ལྷིང་དང་དགེ་མཚན་ལྡན་པའི་མཉམ་འགུལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། མ་འོངས་པའི་མཉམ་ལས་ཁྲོད་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཞིང་སྐྱོར་གཡུལ་ས་གཙོ་བོ་བློ་བརྟན་འགྱུར་མེད་ངང་བརྟན་སྲུང་བྱས་ནས་གྲོང་གསེབ་དར་སྤེལ་དང"ཞིང་གསུམ"འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ཐོན་ལས་ཀྱི"གནས་བཞི"གཏོད་རྒྱུར་རོགས་རམ་བྱེད་པ། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི"ཁྱབ་ཁོངས་ཆེན་པོ་དྲུག"དང"དངུལ་ཁང་བཞིའི"ཁྱད་ལྡན་ཆས་རྟགས་ལ་དམ་པོར་དམིགས་ནས་ཡིད་རྟོན་དངུལ་བུན་གྱི་ཞིང་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་མཚོ་སྔོན་དང་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་ཧུར་ཐག་སྒོས་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བསྟན།ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཞུས་ཡུང་ཀུང་། ཁྲང་ལིན་བཅས་དང་། ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ཨ་ཚེ་བརྟན་དང་ཝང་ཉིན། ཅ་ཚའེ་ལིན། ཏང་ཨུའི་ཨུ་ཡོན་ཧྥིན་ཧའོ་ཁུན་དང་ཞུས་ལི་ཧྥིན་བཅས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཁུལ་ཨུ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་དངུལ་རྩའི་ལས་ཁུངས་སོ་སོ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་ལས་ཁུངས་ཀྱི་པུའུ་དང་ཁང་སོ་སོ། ཡན་ལག་དངུལ་ཁང་དང་ཉིང་ལག་དངུལ་ཁང་སོ་སོའི་འགན་འཁུར་བློ་མཐུན་བཅས་མཛད་སྒོར་ཞུགས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།
ཟླ4པའི་ཚེས28ཉིན། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི“རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཝན་ཀྲིན་ཞང་གིས་ཐུན་མོང་ཐོག་སྒོ་བྱང་བཀལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཝན་ཀྲིན་ཞང་གཉིས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་།
ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་པར་ཐུགས་རྗེ་ཆེ་ཞུས། ཀྲང་ཧྲིང་ཡོན་གྱིས་བསྟན་དོན། སྒོ་བྱང་འགེལ་བའི་མཛད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེ་ནི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་མཚོ་བྱང་ཁུལ་གྱི་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་འཛུགས་སྐྲུན་ལ་སྐུལ་མ་ཆེན་པོ་ཐེབས་པ་ཞིག་ཀྱང་རེད་ཟེར། ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་བྱང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དངོས་འཛིན་དངོས་སྒྲུབ་བྱས་ནས་སྐྱེ་ཁམས་སྤུས་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། "གནས་བཞིའི"འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་ཕྱིན་པ་དང་དཔལ་འབྱོར་ཕྱོགས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ནས་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཤུགས་ཆེན་ལྡན་ཡོད། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངུལ་རྩའི་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔ་རྗེས་སུ་དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་དང་དངོས་ཚན་དཔལ་འབྱོར་གྱི་དངུལ་བུན་སྐྱེད་གསབ་མ་དངུལ་དོ་དམ་བྱ་ཐབས་སོགས་སྲིད་ཇུས་དང་བྱ་ཐབས་བཏོན་ནས་གཉིས་ཁེ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱུང་སྟེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཟེར། ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་གིས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཟམ་པ་དང་སྦྲེལ་ཐག་ཧུར་ཐག་སྒོས་བཏོད་དེ་དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་པ་དང་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་རྒྱུར་ལྟ་རྟོག་བྱས་ཏེ། དངུལ་རྩའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་དངུལ་རྩའི་གནས་སྟངས་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་ཆེན་པོར་སྣེ་ཁྲིད་བྱ་དགོས་པར་བསྟན།
ཝན་ཀྲིན་ཞང་གིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ན་ནིང<<ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་འཐབ་ཇུས་གྲོས་མཐུན>>ལ་མིང་རྟགས་བཀོད་དེ་སྲིད་དངུལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་མཉམ་རྒྱལ་སྟེགས་བུ་བསྐྲུན་ནས་ཡུན་རིང་བརྟན་ལྷིང་དང་དགེ་མཚན་ལྡན་པའི་མཉམ་འགུལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། མ་འོངས་པའི་མཉམ་ལས་ཁྲོད་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཞིང་སྐྱོར་གཡུལ་ས་གཙོ་བོ་བློ་བརྟན་འགྱུར་མེད་ངང་བརྟན་སྲུང་བྱས་ནས་གྲོང་གསེབ་དར་སྤེལ་དང"ཞིང་གསུམ"འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ཐོན་ལས་ཀྱི"གནས་བཞི"གཏོད་རྒྱུར་རོགས་རམ་བྱེད་པ། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི"ཁྱབ་ཁོངས་ཆེན་པོ་དྲུག"དང"དངུལ་ཁང་བཞིའི"ཁྱད་ལྡན་ཆས་རྟགས་ལ་དམ་པོར་དམིགས་ནས་ཡིད་རྟོན་དངུལ་བུན་གྱི་ཞིང་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་མཚོ་སྔོན་དང་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་ཧུར་ཐག་སྒོས་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བསྟན།
ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཞུས་ཡུང་ཀུང་། ཁྲང་ལིན་བཅས་དང་། ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ཨ་ཚེ་བརྟན་དང་ཝང་ཉིན། ཅ་ཚའེ་ལིན། ཏང་ཨུའི་ཨུ་ཡོན་ཧྥིན་ཧའོ་ཁུན་དང་ཞུས་ལི་ཧྥིན་བཅས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཁུལ་ཨུ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་དངུལ་རྩའི་ལས་ཁུངས་སོ་སོ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་ལས་ཁུངས་ཀྱི་པུའུ་དང་ཁང་སོ་སོ། ཡན་ལག་དངུལ་ཁང་དང་ཉིང་ལག་དངུལ་ཁང་སོ་སོའི་འགན་འཁུར་བློ་མཐུན་བཅས་མཛད་སྒོར་ཞུགས།
མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注