བདེ་འཇགས་རིག་ནུས་རྩིས་ནུས་ལྟེ་གནས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞི་མཚོ་བྱང་དུ་བསྐྲུན་རྒྱུ་རེད། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར83ཟིན། 

ཟླ4པའི་ཚེས17ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཧྲན་ཏུང་ཅི་ནན་ལན་ཅན་ཅུན་ཆ་འཕྲིན་ཚན་རྩལ་གསར་བ་ཚད་ཡོད་སྤྱི་གཉེར་ཁང་གིས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་བདེ་འཇགས་རིག་ནུས་རྩིས་ནུས་ལྟེ་གནས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞིའི་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་དང་། དེས་ལས་གཞི་དེ་མཚོ་བྱང་དུ་དངོས་སུ་དོན་འཁྱོལ་བྱུང་བ་མཚོན། 

ལས་གཞི་དེར་མ་དངུལ་སྒོར་དུང་ཕྱུར83ཟིན་པ་དང་། དེ་ནི་མཚོ་བྱང་ཁུལ་གྱིས་ལོ་རྒྱུས་སྟེང་ཚོང་འགུགས་མ་འདྲེན་གྱི་ལས་གཞི་རྐྱང་པར་གན་རྒྱ་བཞག་པའི་དངུལ་འབོར་ཆེས་མང་ཤོས་ཡིན་ལ། དེས་གསང་ཨང་ལག་རྩལ་གྱི་ནུས་མཐོའི་རྩིས་ནུས་ཁྱུ་ཚོགས་དངAIGCརྩིས་ནུས་བཀོད་གཏོང་ཞབས་ཞུའི་ཁྱུ་ཚོགས་འཛུགས་སྐྲུན་བྱ་རྒྱུར་གཞོལ་ཏེ། ཐོན་སྐྱེད་བྱེད་མགོ་བརྩམས་རྗེས་མཚོ་བྱང་ཁུལ་ལ་སྤྱི་སྤྱོད་རྩིས་ནུས་དང་ཆེད་སྤྱོད་རྩིས་ནུས་མཉམ་དུ་འཕེལ་རྒྱས་དང་། ཕན་ཚུན་སྐུལ་འདེད་གཏོང་པའི་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུ་རེད། ལས་གཞིའི་ནང་རིག་ནུས་རྩིས་ནུས་ལྟེ་གནས་དང་ནུས་རྒྱུ་གཙང་མ་འཛུགས་སྐྲུན་ཆ་ཚང་གཉིས་ལྡན་གྱི་ལས་གཞི་ཚུད་ཡོད་ལ། ལས་གཉེར་བྱས་རྗེས་ལོ་རེའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར9.5མངོན་འགྱུར་ཐུབ་པ་དང་། ལོ་རེའི་ཁྲལ་འབབ་སྒོར་ཁྲི6200མངོན་འགྱུར་ཐུབ་ནས་ལས་ཞུགས་མི་སྣ100བཀོད་སྒྲིག་ཐུབ་རྒྱུ་རེད།

ལས་གཞི་ལ་གན་རྒྱ་བཞག་པ་དེས་མཚོ་བྱང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་སྤྱིའི་བཀོད་སྒྲིག་ནང་ཧུར་ཐག་སྒོས་ཞུགས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་ཡིད་ཆེས་མཚོན་གྱིན་ཡོད་ལ། མཚོ་བྱང་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་དང་གཞི་གྲངས་ཆེན་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ནས་མཚོ་བྱང་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་པ་དང“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”མངོན་འགྱུར་ཡོང་བར་རོགས་རམ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས“ཆུ་ཡིས་བརྒྱན་ཞིང་འོད་ཀྱིས་ཕྱུག་པ། རླུང་ཤུགས་འཛོམས་ཞིང་ས་རྒྱ་ཆེ་བ”བཅས་ཀྱི་རང་བྱུང་གི་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ལས་སྐྱེད་སྲིང་དང་དངུལ་རྩའི་རྒྱབ་སྐྱོར། ཚོང་གཉེར་ཁོར་ཡུག་སོགས་ཀྱི་ཐད་ཕན་པ་ཡོད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ་ཧུར་ཐག་སྒོས་བཟོ་ལས་ཅན་གསར་པར་སྐུལ་འདེད་བྱས་ནས། རླུང་དང་འོད། གློག ཆུ་བཅས་ནུས་རྒྱུ་གཙང་མའི་ཐོན་ལས་ཆེན་པོ་བཞི་དང་དེ་བཞིན་གྲངས་འཛིན་དཔལ་འབྱོར་གཅིག་སྡུད་འཕེལ་རྒྱས་བཏང་ཡོད། 2023ལོ་ནས་བཟུང་། མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར21ཐོན་ཡོད་པའི་ནང་ནུས་རྒྱུ་གཙང་མའི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར12ཡོད། དེས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་འགྲོ་རྒྱུར་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེར་མཁོ་འདོན་བྱས་ཡོད། ཐེངས་འདིར་གན་རྒྱ་བཞག་པ་དེས་མཚོ་བྱང་ཁུལ་གྱི་གྲངས་འཛིན་ཐོན་ལས་ཀྱི་གཞི་ཁྱོན་འཕེལ་རྒྱས་དང་སྟོབས་ཆེར་གཏོང་པ། གྲངས་འཛིན་སྟོབས་ལྡན་ཁུལ་མགྱོགས་མྱུར་སྒོས་བསྐྲུན་རྒྱུར་སྔར་བས་སྒུལ་ཤུགས་གསར་པ་བསྣན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号