《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་ཐོག་མའི་མ་ཟིན་རྩིས་ལེན་དང་དུས་མགོའི་སྤྱི་སྡོམ་ཚོགས་འདུ་ཚོགས།

《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་ཐོག་མའི་མ་ཟིན་ད་ལྟ་རྩོམ་འབྲི་བྱས་ཏེ་ལེགས་འགྲུབ་བྱུང་ཡོད་པ་དང་། མ་ཟིན་གྱི་སྤུས་ཀ་དང་ལས་རིམ་ཡོངས་རྫོགས་བདེ་བླག་ངང་འགྲུབ་ཆེད། 2024ལོའི་ཟླ4པའི་ཚེས17ཉིན། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་རྩོམ་འབྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་རྩ་འཛུགས་བྱས་ཏེ། 《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་ཐོག་མའི་མ་ཟིན་རྩིས་ལེན་དང་དུས་མགོའི་སྤྱི་སྡོམ་ཚོགས་འདུ་ཚོགས།


    ཚོགས་ཐོག་ཏུ། རྩོམ་འབྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་རྫོང་སོ་སོས་རྩོམ་འབྲི་བྱས་པའི་མ་ཟིན་རེ་རེ་བཞིན་བམ་ཀློག་བྱས་ཤིང་། མཚོ་བྱང་ཁུལ་དང་རྫོང་སོ་སོའི་སྤྱི་བཤད། དེ་བཞིན་རང་སྐྱོང་ཁུལ་མངའ་ཁོངས་ཀྱི་མཁར་གྲོང་དང་སྲིད་འཛིན་སྡེ་བ། གནས་སྐོར་མཛེས་ལྗོངས། རི་ཆུ་རིག་གནས་སོགས་ཀྱི་ས་མིང་བརྡ་འགྲེལ་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་དང་། ཐེ་ཚོམ་གྱི་གནད། ལེགས་བཅོས་བྱེད་དགོས་པའི་གནས་བཅས་ལ་ཐུན་མོང་དུ་བགྲོ་གླེང་གནང་བ་མ་ཟད། ལེགས་བཅོས་ཀྱི་བསམ་འཆར་དང་ཞུས་དག་གི་བླང་བྱ་ནན་མོ་བཏོན། དེ་དང་ལྷན་ཅིག་མ་ཟིན་ཁྲོད་ཀྱི་མིང་བརྡ་ཁག་ཅིག་གཅིག་གྱུར་གནང་བ་དང་། ཡིག་གཟུགས་ཀྱི་ཆེ་ཆུང་དང་། རྩོམ་པའི་ལེགས་ཉེས་བཅས་ལ་རེ་བ་མཐོན་པོ་བཏོན།

    ཚོགས་འདུར་མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱི་འགན་འཁུར་བློ་མཐུན་དང་རྐང་འཛིན་མི་སྣ་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号