ཤ་བོ་སྐྱབས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་དང་མདའ་བཞི་རྫོང་གི་ཤར་མཚོ(སྟོང་མདའ་ཐང་ཆུ་མཛོད)སོགས་སུ་བསྐྱོད་དེ་བརྟག་ཞིབ་གནང་པ།

ཟླ2པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་དང་མདའ་བཞི་རྫོང་གི་ཤར་མཚོ(སྟོང་མདའ་ཐང་ཆུ་མཛོད)སོགས་སུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་དཀའ་སེལ་དང་ངར་ཤུགས་ཆེར་སྐྱེད་ཀྱིས་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཟེར།

སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་རུ་ཤ་བོ་སྐྱབས་ཀྱིས་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིའི་གུར་ཕུབ་ཁུལ་དང་རྟ་རྒྱུག་ར་བ། སྐས་རིམ་རྣམ་པའི་ཆུ་ལྗོངས་འདེམས་ཡུལ་བཀོད་སྒྲིག་སོགས་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་དང་། ཕྱི་རོལ་གྱི་སྒར་འདེབས་འཆར་འགོད་དང་ཆུ་འདྲེན་སྦུག་ལམ་བཀོད་སྒྲིག མཐའ་འཁོར་གྱི་ས་རྒོད་བཅོས་སྐྱོང་། སྡོང་འཛུགས་རྩྭ་འདེབས་ལྗང་སྒྱུར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ཁུལ་འགྲིམ་འགྲུལ་དང་ཆུ་བེད། ནགས་རྩྭ།  རིག་རྩལ། རྒྱལ་ཁབ་མ་འཇོག་སོགས་སྡེ་ཁག་དང་མདའ་བཞི་རྫོང་གི་བྱ་བའི་སྙན་ཞུར་ཉན་རྗེས། བྱ་བ་སོ་སོར་ཁས་ལེན་གང་ལེགས་གནང་སྟེ་བསྟན་དོན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཔྱིད་གསར་དུས་ཆེན་གྱི་མཇལ་འཛོམས་ཚོགས་འདུའི་ཤིས་ཚིག་ནང"སྨོན་ལམ་མཐོན་པོའི་རྩེར་སྙེག་ན'མཐོ་སྒང་རྡོ་རྗེ་ཕ་ལམ'འོད་ལམ་མེ་འཕྲོ་བ་དང་མཚོ་མོའི་འོད་མདངས་ས་སྒང་ཧྲིལ་བོར་རབ་ཏུ་འཕྲོ"ཞེས་བསྟན་ཡོད་ལ། སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་སྒོས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྨོན་ལམ་མཐོན་པོའི་རི་རྩེའི་གསར་བརྗེ་ཉམས་ཞིབ་མ་དཔེ་ཅན་གྱི་སློབ་ཞིབ་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་གང་མགྱོགས་བྱེད་མགོ་བརྩམས་ནས་བྱ་བའི་ལས་འགན་སོ་སོ་བདེ་བླག་ངང་སྐུལ་སྤེལ་གཏོང་བར་འགན་ལེན་ཏན་ཏིག་བྱ་དགོས། སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིའི་དུས་རིམ་གཉིས་པའི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་གུར་ཕུབ་ཁུལ་དང་རྟ་རྒྱུག་ར་བ། ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཅས་ཀྱི་འཆར་འགོད་དང་ཇུས་འགོད་འཐུས་ཚང་དུ་གཏོང་དགོས་པ་དང་། ས་ཞིང་བསྡུ་ལེན་དང་བདག་བཟུང་། གནས་ཡུལ་བཀོད་སྒྲིག  སྦྲ་གུར་དང་གར་སྟེགས་སྐྲུན་པ་སོགས་ཀྱི་བྱ་བ་གང་མགྱོགས་སྤེལ་ཏེ་ལྗོངས་ཁུལ་གྱི་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་ཐད་མུ་མཐུད་ཤུགས་བསྣན་ནས" ཟ་འཐུང་དང་སྡོད་གནས། འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད"བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་སྦྲེལ་ཐག་གྲུབ་ཏུ་འཇུག་དགོས།  དུས་ཐེངས་གཉིས་པའི་ལས་གཞིའི་ཆུ་དང་གློག་ཤར་གཏོང་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ནས་དབུས་མདོ་ཉག་ག་ནས་སྨོན་ལམ་མཐོན་པོའི་བར་གྱི་གཞུང་ལམ་སྒྱུར་བཀོད་བཟོ་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྨོན་ལམ་མཐོན་པོའི་གཞུང་ལམ་གྱི་གཡས་གཡོན་དུ་སྡོང་བོ་འཛུགས་པ་དང་རྩྭ་བཏབ་ནས་ལྗང་སྒྱུར་བྱེད་པའི་འཆར་འགོད་ཡག་པོ་བྱེད་དགོས་ལ། མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་རིས་ཁྲ་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་དགོས། ཆུ་བེད་ཆེད་མཁས་པ་གདན་ཞུ་བྱས་ཏེ་ཡུལ་དངོས་ནས་རྩད་ཞིབ་དང་ཞིབ་ཚགས་སྒོས་ཐིག་ལེན་རིས་འབྲི་བྱེད་པ་དང་། སྨོན་ལམ་མཐོན་པོའི་ས་བབ་ཀྱི་ལེགས་ཆ་གང་ལེགས་སྒོས་སྤྱོད་པ། ཚན་རིག་དང་མཐུན་པའི་ངང་ཆུ་འདྲེན་ལམ་ཐིག་དང་ཆུ་ཡུར་ལམ་བུ་འགྱུར་ལྡོག་གཏོང་རྒྱུར་འཆར་འགོད་ཡག་པོ་བྱེད་པ། སྐས་རིམ་རྣམ་པའི་རང་བྱུང་ཆུའི་མཛེས་ལྗོངས་འཛུགས་སྐྲུན་ཡག་པོ་བཅས་བྱེད་དགོས། སྨོན་ལམ་མཐོན་པོའི་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྒར་འདེབས་རྟེན་གཞིའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་སྲ་བརྟན་དང་མཐོ་རུ་གཏོང་དགོས་ཟེར།     

མདའ་བཞི་རྫོང་གི་ཤར་མཚོ(སྟོང་མདའ་ཐང་ཆུ་མཛོད)རུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ཆུ་མཛོད་ཀྱི་ཆུ་ཁོངས་དང་དེ་བཞིན་ཉེ་འཁོར་གྱི་ཡུལ་སྐོར་ལས་གཞི་ལ་ལྟ་ཞིབ་བྱས་ནས་ཆུ་མཛོད་ཀྱི་དོ་དམ་སྲུང་སྐྱོབ་དང་དེ་བཞིན་ཆུ་ཐོག་སྤྲོ་སྐྱིད་གླིང་གི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་གཏོང་བ་དང་ཤར་མཚོའི་ཆུ་ཁོངས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ལ་སྤྱི་འདོམས་བྱེད་པ། ཤར་མཚོའི(སྟོང་མདའ་ཐང་ཆུ་མཛོད)ཡུལ་སྐོར་ལྗོངས་ཁུལ་མགྱོགས་མྱུར་གསར་སྤེལ་བྱེད་པ། དར་ཤུད་དང་གངས་ཤུད། གྲུ་གཏོང་བ་སོགས་ཆུ་ཐོག་སྤྲོ་གསེང་ལས་གཞི་ལག་བསྟར་བྱེད་པ། ནུས་ཤུགས་ཡོད་རྒུས་དུས་ཚིགས་ཧྲིལ་པོའི་སྤྲོ་གསེང་ཁུལ་གཏོད་པ་བཅས་བྱས་ནས་ཆུ་ཁོངས་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ལ། བྱེ་མ་གསེར་ལྡན་ལྗོངས་ཁུལ་དང་དཔལ་སྦྱིན་རྟ་ཐོག་མཉམ་འགུལ་གསོལ་ཁང་གང་མགྱོགས་སྒོས་ཚོང་གཉེར་བྱས་ནས་ཟླ5པར་འཁོར་རྒྱུག་སླར་གསོ་ཡོང་བར་འགན་ལེན་བྱེད་དགོས་ཟེར། 

དེའི་རིང་། མཚོ་སྐོར་ཤར་ལམ་གྱི་གཞོགས་གཉིས་སུ་སྡོང་འཛུགས་ལྗང་སྒྱུར་དང་སྨོན་ལམ་མཐོན་པོ་ནས་བྱེ་མ་གསེར་ལྡན་བར་གྱི་གཞུང་ལམ་ལམ་རྒྱུད་དུ་ལམ་སྒྲོན་བཟོ་བ། དམག་སྒར་བཅུ་གཉིས་པའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་དང་མཚོ་སྔོན་པོའི་མཚོ་མཆོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སོགས་ཀྱི་བྱ་བར་ཞིབ་ཕྲའི་བླང་བྱ་བཏོན།

ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་། ཝང་ཡུང་ཁྲང་། སུང་ཞུག་ཙུང་། ཚོ་ཅི་ཆང་། ཁུལ་འགྲིམ་འགྲུལ་དང་ཆུ་བེད། ནགས་རྩྭ། ཞིང་ཕྱུགས། རང་བྱུང་ཐོན་ཁུངས། རིག་གནས་དང་ལུས་རྩལ་ཡུལ་སྐོར། རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་སོགས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号