ཤ་བོ་སྐྱབས་ཀྱིས་གསར་བརྗེའི་སློབ་གསོ་དང་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་པ།

ཟླ2པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་པའི་ཐད་བརྟག་ཞིབ་གནང་།    

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་ཡུལ་དངོས་ནས་ཚོགས་འདུ་ཁང་དང་སྦྱོང་བརྡར་བྱ་ཡུལ། ཡོ་བྱད་མཛོད། ཞག་སྡོད་ཁུལ། ཇ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་དང་། བྱེད་ནུས་ཁུལ་བགོ་བ། དངོས་ཚན་ཅན་གྱི་འཁོར་སྐྱོད་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས། མཚོ་བྱང་ཁུལ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་དུས་མགོའི་སྒྲུབ་སྐུལ་བྱ་བའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ནས་སྐས་རིམ་སློབ་ཁང་དང་གྲོས་བསྡུར་ཁང་། ཞག་སྡོད་སྒྲིག་བཀོད་ཆ་ཚང་སོགས་ཀྱི་བྱ་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ནས་ལེགས་འགྲུབ་བྱེད་པའི་དུས་བཀག་ཁ་གསལ་བཏོན། ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་དུ་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་གསོ་སྦྱོང་བྱ་བ་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་དུས་མཚམས་རྗེས་མའི་གསོ་སྦྱོང་བྱ་བའི་ལས་འགན་བཀོད་སྒྲིག་བྱས།  

ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་དེ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་གནས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས། དར་གོས་ཚོང་ལམ་སྙིང་སྟོབས་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དམར་དམག་ནུབ་ལམ་དམག་དཔུང་གིས་འདིར་ཁྲག་བཏོན་དམར་འཛིང་བྱས་མྱོང་ལ། ས་ཁོངས་ནང་དུ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཡོད་ལ། ་རྨ་ཆུའི་རིག་གནས་དང་ལྕགས་རི་རིང་པོའི་རིག་གནས། ཁུ་ནུ་རིག་གནས་བཅས་ཀྱི་འབྱུང་གནས་ཀྱི་གྲས་ཤིག་ཀྱང་ཡིན། གསར་བརྗེའི་ཐོན་ཁུངས་དང་ཁྱད་ལྡན་རིག་གནས་བེད་སྤྱོད་གང་ལེགས་བྱེད་པ་དང་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་ཤུགས་ཆེན་བྱེད་པ། ལོ་རྒྱུས་ཀྱི་རིག་གནས་འཚོལ་བསྡུ་དང་གསེད་བཀྲོལ་བྱེད་པ། ཅིན་ཀང་རི་བོ་དང་ཡན་ཨན་སོགས་ས་ཁུལ་གྱི་གསར་བརྗེའི་སློབ་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པ། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་རྒྱུན་མཐུད་ངང་ཡག་པོར་གཉེར་བ། མཚོ་བྱང་སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བཅས་ཀྱི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཡག་པོར་འཛུགས་པ་བཅས་བྱས་ནས་ཞིང་ཆེན་ཕྱི་ནང་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་རྩ་འཛུགས་དང་དྲིལ་སྒྲོག སྲིད་ཁྲིམས། འཐབ་ཕྱོགས་གཅིག་གྱུར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་ལ་ཆབ་སྲིད་ཀྱི་ས་ཚིགས་སྔར་བས་མཐོ་རུ་བཏང་ནས་བྱ་བའི་བསམ་ཕྱོགས་ཁ་གསལ་བཟོ་བ་དང་བྱ་བའི་འགན་འཁྲི་ཏན་ཏིག་སྒྲུབ་དགོས་ཏེ།  གཅིག་ནས་སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པའི་ལས་བྱེད་པ་བཅས་ཀྱི་གསོ་སྦྱོང་ལྟེ་གནས་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། སྔ་མོ་ནས་སྒོ་བྱང་བཀལ་ཏེ་བེད་སྤྱོད་ཐུབ་པར་བརྩོན་ལེན་བྱེད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་རིམ་པ་སྤོར་རྒྱུར་སྐུལ་འདེད་གཏོང་བ། གསོ་སྦྱོང་བྱ་བ་སྣ་ཚོགས་སྤེལ་བ་བཅས་བྱེད་དགོས། གཉིས་ནས་འགན་ནུས་ལས་བགོས་དང་ཟུང་འབྲེལ་བྱས་ཏེ་སྤུས་དག་སློབ་ཚན་ཞིབ་འཇུག་གསར་སྤེལ་དང་སློབ་ཁྲིད་དགེ་རྒན་སྐྱེད་སྲིང་། སློབ་ཁྲིད་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས་ལ། མགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་སུ་སྐྱོད་པའི་བྱེད་སྒོ་ཁྱབ་སྤེལ་ཧུར་ཐག་དང་ཐིན་རིམ་པའི་མགོ་ཁྲིད་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཁྲིད་སྟེགས་སུ་ཞུགས་རྒྱུའི་སྒྲིག་འཛུགས་དང་སློབ་ཁྲིད་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་ཚན་གྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། གསུམ་ནས“སྒྲ་དང་བརྙན། ཚགས་པར། དྲ་བ། སྤྱོད་སྣེ། སྤྱི་སྟེགས”བཅས་ཀྱི་སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ་མཚོ་བྱང་གིས་ཚོགས་འདུ་གསོ་སྦྱོང་ཐོན་ལས་ཀྱི་སྒྲིག་བཀོད་དང་ཁྱད་ལྡན་སློབ་ཚན། གསར་བརྗེའི་གཏམ་རྒྱུད། ཉམས་ཞིབ་ལམ་ཐིག་སོགས་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་མཚོ་བྱང་གིས་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་ཞིང་ཆེན་ཕྱིའི་གསོ་སྦྱོང་འཛིན་གྲྭའི་ཐེངས་གྲངས་ཇེ་མང་དུ་གཏོང་དགོས། བཞི་ནས་ནུས་ཤུགས་ཡོད་རྒུས་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་གསོ་སྦྱོང་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ། སྤྲོ་སྣང་ལྡན་པའི་ཞག་སྡོད་ཁོར་ཡུག་གཏོད་པ། བཟའ་བཏུང་གི་ཆ་རྐྱེན་ཡག་པོ་མཁོ་འདོན་བྱེད་པ། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མཚོ་བྱང་གིས་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་དེར་ཚད་གཞི་མཐོ་ཞིང་སྤུས་ཀ་དག་པ། རྩེ་མོར་སོན་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན

དེའི་རིང་། ཤ་བོ་སྐྱབས་མཚོ་བྱང་དམིགས་བསལ་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་ནས་ནན་གྱིས་བསྟན་དོན། འགྲེམས་ཚོང་ལྟེ་གནས་འཛུགས་རྒྱུ་ནི་མཚོ་བྱང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། མཚོ་བྱང་མཁོ་ཚོང་ཁང་གིས་བཟའ་བཅའི་བདེ་འཇགས་འགག་སྒོ་དང་ཐོན་རྫས་ཀྱི་སྤུས་ཚད་འགག་སྒོ་ཡག་པོ་སྲུང་ནས་ཞབས་ཞུའི་བྱ་བ་རྒྱུན་མཐུད་ངང་ཡག་པོར་སྒྲུབ་པ་དང་དྲ་ཐོག་ཚོང་དོན་ལས་སྟེགས་ལེགས་པར་སྤྱོད་པ།  དྲ་ཐོག་ནས་ཐད་གཏོང་དང་ཟོག་འདྲེན་ཤུགས་ཆེན་བྱེད་པ། ཐོན་རྫས་རིགས་མུ་མཐུད་མང་དུ་གཏོང་བ། སྒྱུར་བཀོད་རིམ་སྤོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ་དང་རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོའི”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་གསལ་བོ་གཏོད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ཝང་ཡུང་ཁྲང་། སུང་ཞུག་ཙུང་། སི་ཅི་ཧྲིན་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号