མཚོ་བྱང་ཁུལ་གྱིས2024ལོའི“ལོ་སར་བཅོ་ལྔའི”དུས་ཆེན་གྱི་རིག་གནས་འགྲེམས་འཁྲབ་བྱེད་སྒོ་སྤེལ།

ཟླ2པའི་ཚེས24ཉིན་ཏེ་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་མཚོ་བྱང་ཁུལ་གྱི2024ལོའི"ལོ་སར་བཅོ་ལྔའི་དུས་ཆེན"གྱི་རིག་གནས་འགྲེམས་འཁྲབ་བྱེད་སྒོ་ནུབ་མཚོ་ལུས་རྩལ་ར་བར་ཚ་ཚ་འུར་འུར་ངང་འཁྲབ་སྟོན་བྱས། མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་གདན་ཞུས་ལྟར་ཐེངས་འདིའི་བྱེད་སྒོར་ཞུགས་པའི་སྐུ་མགྲོན་རྣམས་རྔམ་བརྗིད་ལྡན་པའི་སྨོན་ལམ་མཐོན་པོའི་འདབས་རོལ་དང་མཛེས་སྡུག་གི་གསེར་དངུལ་རྩྭ་ཐང་དུ་དགྱེས་འཛོམས་བྱུང་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་བཅོ་ལྔའི་དུས་ཆེན་ལ་རོལ།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་བྱེད་སྒོར་ཞུགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུ་སུང་ཞུག་ཙུང་གིས་ཤིས་ཚིག་ཕུལ། ཁུལ་དུ་བསྡད་ཡོད་པའི་ཐིན་རིམ་པ་སོ་སོའི་མགོ་ཁྲིད་དང་། གདན་ཞུས་ལྟར་བྱེད་སྒོར་ཕེབས་པའི་སྟོང་སྐོར་རྫོང་དང་ཞུན་ཧྭ་རྫོང་གི་འགན་འཁུར་བློ་མཐུན་དང་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་འཁྲབ་སྟོན་ལ་བལྟས།

སུང་ཞུག་ཙུང་གིས་ཤིས་ཚིག་ཁྲོད་མཚོ་བྱང་གི་རང་བྱུང་མཛེས་ལྗོངས་ངོ་མཚར་ཆེ་ཞིང་བརྗིད་ཆགས་མཛེས་སྡུག་ལྡན་པ་དང་། ལོ་རྒྱུས་རིག་གནས་ཀྱི་ནང་དོན་གཏིང་ཟབ་ཅིང་སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་བཅས་འདུ་བའི་གནས་ཤིག་ཡིན། འདས་མ་ཐག་པའི2023ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་རྒྱུར་དམིགས་ནས་ཇུས་འགོད་ཞིབ་མོ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེངོ་མཚར་ཆེ་བའི་ཕྲེང་བསྟར་རིག་གནས་བྱེད་སྒོ་སྤེལ་ལ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས"རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ"གཏོད་ཆེད་མིང་བྱང་གསལ་དུ་བཏང་སྟེ་སྒུལ་ཤུགས་བསྣན་ཡོད། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ་ཐེངས་འདིའི་ལོ་སར་བཅོ་ལྔའི་དུས་ཆེན་གྱི་རིག་གནས་བྱེད་སྒོ་དེ་མགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་མཚོ་བྱང་གི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་དམངས་སྲོལ་རིག་གནས་སྔར་བས་སྔོག་འདོན་བྱེད་པ་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རིག་རྩལ་ཡུལ་སྐོར་གྱི་ཆས་རྟགས་གྲགས་ཅན་གསར་བ་སྔར་ལས་མང་པོ་ཐོན་པ་དང་མཚར་སྡུག་ལྡན་པར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ་དང་ཡིད་ཆེས་འདོན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ནུས་པ་གལ་ཆེན་བཏོན་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཟེར།

ཐེངས་འདིའི་བྱེད་སྒོས“དགའ་བ་འབུམ་གྱིས་གནམ་ལོ་གསར་བ་བསུ།——གཡུ་འབྲུག་དགྱེས་པའི་མཆོད་སྤྲིན་ཇི་བཞིན་དུ། མདོག་ལྔའི་མཚོ་བྱང་རྣམ་པ་གསར་བ་ངོམས”ཞེས་པ་བརྗོད་དོན་དུ་བྱས་ཤིང་། སྙན་ཞིང་འཇེབས་པའི་དབྱངས་རྟ་རེ་རེ་དང་འབྲུག་སྒྲ་ལྟར་གྲགས་པའི་རྔ་སྒྲ་དང་བསྟུན་ནས་ཁུལ་ཐད་གཏོགས་དང་རྫོང་བཞི་ནས་ཡོང་བའི་སྐྱ་རྩལ་འཁྲབ་སྟོན་རུ་ཁག་དང་སྤྱི་བདེའི་སྐྱ་མི་མདའ་འཕེན་རུ་ཁག རྔ་མོང་རུ་ཁག འབྲི་མོ་དུང་ཆུང་དཀར་མོའི་རུ་ཁག རྟ་ཐོག་སྤོ་ལོ་འཁྲབ་སྟོན་རུ་ཁག གོ་མཚོན་འཁྲབ་སྟོན་རུ་ཁག ཚོན་ལྡན་རླངས་འཁོར་རུ་ཁག རྒྱ་འཆམ་འཁྲབ་སྟོན་རུ་ཁག འབྲས་དཀར་རུ་ཁག གཟུགས་འདས་ཤུལ་བཞག་རིག་གནས་བོད་ཀྱི་ཟློས་གར་འཁྲབ་སྟོན་རུ་ཁག མདའ་འཕེན་འགྲེམས་འཁྲབ་རུ་ཁག ཐའེ་ཅི་བསིལ་གཡབ་འཁྲབ་སྟོན་རུ་ཁག ཧུའེ་རིགས་ཀྱི་གསོལ་སྟོན་འཁྲབ་སྟོན་རུ་ཁག སྒོ་མེའི་རྩེད་རིག་འཁྲབ་སྟོན་རུ་ཁག ཁུལ་སློབ་གསོའི་ཁོངས་གཏོགས་ཀྱི་ལྕགས་རྟ་འཁོར་ལོའི་རུ་ཁག་སོགས་རུ་ཁག25ཡི་མི800ལྷག་ཙམ་གྱིས་འཁྲབ་སྟོན་བྱས། ཉམས་འགྱུར་ལྟ་ན་སྡུག་པའི་སེང་འབྲུག་གི་གར་སྟབས་དང་བཀྲ་ཤིས་པའི་རྒྱ་འཆམ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་འཁྲབ་ཀྱིས་ས་གནས་དེ་གའི་ལྟད་མོ་བར་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་དང་ཆབས་ཅིག་ཚང་མར་མཚོ་བྱང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་བཏང་། རུ་ཁག་གི་འགྲེམས་འཁྲབ་མཇུག་སྒྲིལ་རྗེས་མདའ་བཞི་རྫོང་གི་རིགས་སོ་སོའི་མང་ཚོགས500ལྷག་ཙམ་གྱིས་གྲུབ་པའི་རྒྱ་འཆམ་རུ་ཁག་གིས་གཟབ་མཆོར་ལེགས་པར་སྤྲས་ཏེ་སེང་འབྲུག་གི་གར་འཆམ་སོགས་འཁྲབ་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད།

2024ལོའི་དཔྱིད་གསར་དུས་ཆེན་སྐབས། མཚོ་བྱང་གི་ས་གནས་སོ་སོས་ཇུས་འགོད་ཧུར་ཐག་བྱས་ཏེ་ལོ་སར་གྱི་གཞི་རྒྱུ་དེ་མཐའ་འཁོར་གྱི་ཁྲོམ་གཞུང་གི་མཛེས་ལྗོངས་དང་ཟུང་འབྲེལ་བྱས་ནས་ཁྱད་ལྡན་གྱི་གློག་སྒྲོན་གྱི་མཛེས་པ་བསྣན་ཞིང"དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་རོལ"ཞེས་པ་བརྗོད་དོན་ཡིན་པའི་ཕྲེང་བསྟར་བྱེད་སྒོ "ང་ཚོའི་ཀྲུང་གོའི་ཕུགས་འདུན·རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པ"གནམ་ལོ་གསར་བ་བསུས་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི"ཕུལ་བྱུང་གློག་བརྙན་དྲ་ཐོག་ཏུ་འགྲེམས་སྟོན་བྱེད་པ་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་བས། བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་མངོན་པ་དང་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རིག་གནས་གསར་གཏོད་ཀྱི་ཡིད་དབང་འཕྲོག་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་མངོན་པར་བྱས་ཏེ་མདོག་ལྔའི་མཚོ་བྱང་གི་སྙན་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད་ལ། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་མགོ་ཁྲིད་འོག་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་སྤྲོའི་དགོད་སྒྲའི་ཁྲོད་མི་རིགས་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པ་དང་དགའ་སྤྲོའི་རབ་ཏུ་ཁེངས་པའི་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་རོལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号