རྐང་ཚ་རྫོང་གིས་སློབ་གསོ་བཅོས་སྒྱུར་ལ་གསོན་ཤུགས་གསར་པ་རྒྱས་པར་སྐུལ་སློང་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་གནད་དོན་ཁྲིད་སྟོན་དུ་བྱས་ནས་གནད་དོན་གྱི་དཀའ་གནད་སེལ་བ་དང་སློབ་གསོའི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ་སློབ་གསོ་བཅོས་སྒྱུར་ལ་གསོན་ཤུགས་གསར་པ་རྒྱས་པར་སྐུལ་སློང་བྱས་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་ཏེ་མི་དམངས་མང་ཚོགས་ཀྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་ཐབས་བྱས།

རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོར་མ་དངུལ་གཏོང་རྒྱུ་དེ་དམངས་འཚོའི་བཟོ་སྐྲུན་གྱི"མ་དངུལ་གཏོང་རྒྱུ་ཨང་དང་པོར"བརྩིས་ནས་རྩ་འཛུགས་ཀྱི་མགོ་ཁྲིད་དང་འཕེལ་རྒྱས་འཆར་འགོད། ཐོན་ཁུངས་དོ་མཉམ་སོགས་ཀྱི་ཐད་ནས་འགན་སྲུང་བྱེད་པར་ཤུགས་བསྣན་ལ། ཉེ་བའི་ལོ3རིང་། རིམ་རྩིས་བྱས་ན་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར6.4བཏང་བའི་ནང་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི6274བཏང་ཞིང་། ཆ་རྐྱེན་ལེགས་བཅོས་དང་མཁོ་སྤྲོད་རྒྱ་སྐྱེད། སྤུས་ཚད་མཐོར་གཏོང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ཁུངས་ནང་འདྲེན་སོགས་ཀྱི་ཐད་ལ་ལས་གཞིའི་མ་དངུལ་སྒོར་ཁྲི8700ལྷག་བཏང་ནས་བྱིས་སྙོར་ཁང10གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པས་བྱིས་སྙོར་ཁང་གི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ངོ་བོའི་རང་བཞིན་ལྡན་པའི་སྒོས་ནས་མཐོར་འདེགས་བྱུང་སྟེ་ཡུལ་ཚོ་དང་གྲོང་རྡལ་གྱི་ལྟེ་བའི་དཔེ་སྟོན་བྱིས་སྙོར་གླིང་དང་སྡེ་བ་ཆེ་གྲས་ཀྱི་སྒེར་བཙུགས་བྱིས་སྙོར་གླིང་། སྡེ་བ་ཆུང་གྲས་ཀྱི་མཉམ་འབྲེལ་བྱིས་སྙོར་གླིང་བཅས་ཀྱི་སློབ་སྔོན་སློབ་གསོའི་རྣམ་པ་ཆགས་ཡོད།

སྒོར་ཁྲི700ཡི་སློབ་གསོའི་འཕེལ་རྒྱས་ཐེབས་རྩ་བཙུགས་ནསགནས་སྐབས་ལས་བསྡུ་དང་དགེ་རྒན་རྒན་གྲས48ཁ་གསབ་བྱས་པ་དང་སློབ་སྔོན་སློབ་གསོའི་གསོ་སྐྱོང་མི་སྣ18ཡོད་པས་སློབ་སྔོན་སློབ་གསོའི"སློབ་ཁྲིད་གཉིས་དང་འགན་ལེན་གཅིག"ཕྱོགས་ཡོངས་ནས་དམིགས་ཚད་དུ་སླེབས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གྲུབ་ཆའི་རང་བཞིན་གྱི་སྒྲིག་ཁོངས་མི་འདང་བའི་གནད་དོན་ཞི་ལྷོད་དུ་བཏང་ལ། ལས་རྗེས་དཔྱད་ཞིབ་ལག་བསྟར་བྱས་ནས་སློབ་གཙོའི་སློབ་གཉེར་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་དགེ་རྒན་གསོ་སྐྱོང་གི་ཧུར་སེམས་སྐུལ་སྤེལ།  སློབ་མའི་སློབ་སྦྱོང་གི་ཧུར་སེམས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཆ་རྐྱེན་བསྐྲུན་པ་དང་སློབ་བསྡུར་མྱུར་སྒྲུབ་དང་རོགས་རམ་ཚད་བརྒལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས་སློབ་གྲྭའི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

2023ལོ་ཁོ་ནར་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང(བྱིས་སྙོར་ཁང)གི་སྤྱི་སྤྱོད་འགྲོ་གྲོན་སྒོར་ཁྲི943.93དང་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི792.04125། སློབ་གྲྭ་ཆུང་འབྲིང་གི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞིའི་མ་དངུལ་སྒོར་ཁྲི581.6བཅས་དོན་འཁྱོལ་བྱས། གཙང་གསུམ་མགོ་ཁུངས་ཀྱི་བྱ་དགའི་ཁ་གསབ་དང་བྱམས་སྐྱོང་འཆར་གཞི། སྦྲང་ཆར་འཆར་གཞི་སོགས་རིགས་སོ་སོའི་མ་དངུལ་སྒོར་ཁྲི953.42སྤྲད་པས་སློབ་མ་མི་ཐེངས2056ལ་ཕན་པ་ཐོབ་པ་དང་སློབ་ཆེན་སློབ་མ315ལ་སློབ་ཁུངས་ས་ཆའི་སློབ་སྐྱོར་དངུལ་བུན་སྒོར་ཁྲི303.23བསྐྱིས་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར"ལོངས་སྤྱོད་བྱེད་དགོས་རིགས་ལོངས་སྤྱོད་དང་རོགས་རམ་བྱེད་དགོས་རིགས་རོགས་རམ"བྱ་རྒྱུའི་འགན་ལེན་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号