མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

ཟླ2པའི་ཚེས28ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་ལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། 2023ལོའི་ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བར་མ་ལག་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། 2024ལོའི་བྱ་བའི་ལས་འགན་ནན་ཏན་ངང་ཇུས་འགོད་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བར་བཏོན་པའི་བླང་བྱ་བརྒྱུད་སྒྲོག་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།    

ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བླང་བྱའི་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་དམིགས་ཚད་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་བློ་སྒྲིལ་ལ་བརྟེན་ནས་བློ་རིག་རྒྱས་པར་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ལེན་དགོས་པ་དང་། རྨང་གཞི་བརྟན་དུ་གཏོང་བའི་ཐད་ཡང་བསྐྱར་གྲུབ་འབྲས་གསར་པ་ལེན་དགོས། དཔུང་ཁག་འཛུགས་སྐྱོང་ཐད་སྐས་རིམ་གསར་པ་ཞིག་ཏུ་སླེབས་དགོས། ཤེས་ལྡན་པ་དང་ཤེས་རིག་འདྲེན་འགུགས་ཐད་ཐོད་བརྒལ་གསར་པ་ཡོང་བར་བྱེད་པ་བཅས་བྱས་ཏེ། ད་ལོའི་རྩ་འཛུགས་བྱ་བའི་གཙོ་གནད་ལས་འགན་སོ་སོ་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བར་སྔར་ལས་ལྷག་པའི་རྣམ་པ་གསར་པ་གཏོད་དགོས་ཟེར།    

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བས་ཞབས་ཞུ་འགན་ལེན་གྱི་ལྟེ་བའི་བསམ་བློ་བརྟན་གཏོང་དང་ལས་བྱེད་པ་འདེམས་པ། ཏང་འཛུགས་སྐྱོང་ལ་དམ་འཛིན། ཤེས་ལྡན་པ་གཅིག་སྡུད་བཅས་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་རྩ་འཛུགས་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་ནུས་ལྡན་ངང་སྐུལ་འདེད་བཏང་ཡོད། ད་ལོའི་དུས་བབ་གསར་པ་དང་བླང་བྱ་གསར་པར་དམིགས་ཏེ་དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། “མདུན་གྲལ་དུ་སྐྱོད་པ་གསུམ”གྱི་འཐབ་ཇུས་དམིགས་ཚད་ལ་དམིགས་པ་བཅས་བྱས་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་ཟེར།       

ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པའི"དམིགས་ཚད་བླང་བྱ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས"དམ་འཛིན་བཅུ་དང་སྐུལ་འདེད་བཅུ"ཡི་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་དཀའ་གནད་སྒྲོལ་བ་དང་གཙོ་གནད་ལ་རྒོལ་བ། བཀྲག་མདངས་འཚེར་ས་སྐྱེད་སྲིང་བཅས་བྱེད་དགོས། ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་དེ་རྩ་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། རང་རྟོགས་ངང་བློ་སྒྲིལ་སེམས་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་འཁུར་བ། ཏང་ནང་གི་གཅིག་བསྡུས་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཏན་ཏིག་ངང་སྤེལ་བ་བཅས་བྱས་ནས་གསར་བརྗེའི་ཉམས་ཞིབ་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་རྩ་འཛུགས་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ"གཞི་རིམ་དུ་སྐྱོད་པ་བཞི"དང"1+10"ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས་ཡུལ་ཚོ་དང་གྲོང་རྡལ་གྱི"བཅུ་ལྡན"བཟོ་སྐྲུན་སྲ་བརྟན་དང་རིམ་སྤོར་བྱེད་པ་དང་། སྡེ་བའི(ཧྲེ)"བཅུ་ལྡན"བཟོ་སྐྲུན་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་དེ་རྩ་འཛུགས་བྱ་བའི་ལས་འགན་ལ་བརྩིས་ནས་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྲིག་དང་ལེགས་སྒྱུར། ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི"རྨང་རྡོ་བཟོ་སྐྲུན"ལག་བསྟར་ཡག་པོ་བྱེད་པ། ཤེས་ལྡན་མི་སྣ་སྣ་ཚོགས་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བས་འགན་འཁུར་བར་སྣེ་ཁྲིད་དང་ཕྱོགས་བསྡུས་དཔྱད་ཞིབ་ཀྱིས་འགན་འཁུར་བར་ཚད་འཇལ། གོང་འོག་གཉིས་ཀར་འགན་འཁུར་ལྡོག་སྐུལ་བཅས་བྱས་ཏེ་མཚོ་བྱང་གི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དགོས། "རུ་སྣེ་ཁྲིད་མཁན"གྱི་ཚད་གཞིར་བརྟེན་ནས་དཔེ་བཟང་སྡེ་ཁག་གི་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་རྒྱུན་མཐུད་འཛུགས་སྐྱོང་བྱེད་པ་དང"གྲངས་འཛིན་རྩ་འཛུགས་བྱ་བར"བརྟེན་ནས་རྩ་འཛུགས་བྱ་བའི་ཁྲལ་ནུས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ད་ལོའི་གཙོ་གནད་ལས་འགན་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་རྣམ་པ་གསར་པ་སྔར་བས་བཏོད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

རྫོང་བཞིའི་རྫོང་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་ཏང་གི་སློབ་གྲྭ ཁུལ་སློབ་གསོ་ཅུས་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号