མདོ་ལ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་ཤོས་དང་གླ་རྩི་ཐོན་ཚད་ཆེས་མཐོ་ཤོས་ཀྱི་གླ་བའི་གསོ་སྤེལ་རྟེན་གཞི་རུ་གྱུར།

གྲུབ་ཆ་ལེགས་སྒྱུར་དང་བྱེད་ནུས་འཐུས་ཚང་། ཟུར་སྣོན་རིན་ཐང་མཐོ་བ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་དེང་རབས་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་གྲུབ་ཆེད། མདོ་ལ་རྫོང་གིས་ཉེ་བའི་ལོ་ཤས་རིང“5+10”ཐོན་ལས་མ་ལག་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ལ་མཐོང་ཆེན་དང་། “ནགས་གླའི”ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་ནགས་ཁྲོད་ཁྱད་ལྡན་གསོ་སྤེལ་རྟེན་གཞི་སོགས་སྐྱེ་ཁམས་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། མིག་སྔར། རྫོང་ཡོངས་སུ་ནགས་གླ370ལྷག་ཙམ་ཡོད་པ་དང་། ལོ་རེར་གླ་རྩི་ཁེ8000ལྷག་ཙམ་ཐོན་པ་དང་ཡོང་འབབ་སྒོར་ཁྲི351.8ལྷག་ཙམ་ཡོད་ཅིང་། མདོ་ལ་རྫོང་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་ཤོས་དང་གླ་རྩི་ཐོན་ཚད་ཆེས་མཐོ་ཤོས་ཀྱི་གླ་བ་གསོ་སྤེལ་རྟེན་གཞི་ཞིག་ཏུ་གྱུར་ཡོད།

ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གྱིས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མདོ་ལ་རྫོང་གིས་ཀྲུང་གོ་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་། མཚོ་སྔོན་སློབ་ཆེན་སོགས་མཐོ་རིམ་ཞིབ་འཇུག་སློབ་གླིང་དང་མཉམ་ལས་བྱས་ཏེ“ཚན་ཞིབ+སྤྱི་གཉེར་ཁང+རྟེན་གཞི+ཞིང་ཁྱིམ”བཅས་ཟུང་དུ་འབྲེལ་བའི་གསོ་སྤེལ་བྱེད་ཐབས་སྤྱད་དེ་གཟན་ཆས་སྟེར་གྲངས་དང་རིམས་ནད་འགོག་ཐབས། གསོ་སྤེལ་ལག་རྩལ། ཤེས་བྱའི་གསོ་སྦྱོང་སོགས་ཀྱི་ཐད་ལ་ཚན་རིག་དང་མཐུན་པའི་བྱེད་ཐབས་ནུས་ལྡན་སྤྱད་དེ་གླ་བའི་སྐྱེ་འཕེལ་ནུས་པ་དང་གླ་རྩིའི་ཐོན་ཚད་མཐོ་རུ་བཏང་ཡོད་པར་མ་ཟད། གླ་བའི་རྒྱུད་བཟང་གསོ་སྤེལ་དང་ཚན་ཞིབ་ཞབས་ཞུ། གཟན་རྩྭ་ལས་སྣོན། གླ་རྩིའི་ཐོན་རྫས་གསར་སྤེལ། གླ་བའི་ལུད་རྫས་བེད་སྤྱོད་སོགས་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་རིམ་བཞིན་འཐུས་ཚང་དུ་བཏང་ནས་གླ་རྩིའི་ཆང་དང་བདུད་རྩི་ཞབས་ཁྲུས་སོགས་ཀྱི་ཐོན་རྫས་གསར་སྤེལ་བྱེད་པ་འཐུས་ཚང་དུ་བཏང་། མིག་སྔར། གླ་བའི་ལས་རིགས་གསོ་སྤེལ་ལ་བརྟེན་ནས་ཉེ་འཁོར་གྱི་ཁྱིམ་ཚང16དང་ལས་ཞུགས་མི་གྲངས120ལ་སྐུལ་ཁྲིད་བྱས་ལ། ལོ་རེར་ཆ་སྙོམས་ཡོང་འབབ་སྒོར15000ལྷག་ཙམ་ཟིན་ནས་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་པ། གྲུབ་ཆ་ལེགས་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号