བོད་ལུག་བལ་དཀར་གསོ་སྤེལ་གྱིས། འབྲོག་ཁྱིམ་ཕྱུག་འགྱུར་ལམ་དུ་ཁྲིད།

དཔྱིད་ཟླ་གསུམ་པར་སྐྱེ་དངོས་ལ་ཚེ་སྲོག་རྒྱས་ཤིང་ས་གཞིར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བའི་ལུག་ཁྱུ་བག་ཕེབས་ངང་འཚོ་ཞིང་ལུ་གུ་ཆུང་ཆུང་མཆོང་ལྡིང་བྱེད་བཞིན་འདུག མི་སྐོར་ཞིག་ཉིན་ཞྭ་སྡེ་བར་བསྐྱོད་དེ་བོད་ལུག་གསོ་སྤེལ་གྱི་ཕན་འབྲས་མཐོ་བའི་ནུས་རྩལ་བྱ་བར་སློབ་སྦྱོང་བྱས། ཁོ་ཚོ་ནི་ཡུལ་ཚོའི་ལས་བྱེད་དང་སྡེ་བའི་ཨུ་ཡོན་གཉིས་ཀྱི་འགན་ཁུར་པ། བོད་ལུག་དཔེ་སྟོན་ཁྱིམ་ཚང་བཅས་ཀྱིས་གྲུབ་པའི་ལྟ་སྦྱོང་རུ་ཁག་རེད། འགྲོ་ཞོར་ཀུ་རེ་དང་དགའ་སྤྲོའི་ཁྲོད་བོད་ལུག་གསོ་སྤེལ་གྱི་ཉམས་མྱོང་བརྗེ་རེས་བྱེད་ཀྱིན་ཡོད།

ཉིན་ཞྭ་སྡེ་བའི་བོད་ལུག་བལ་དཀར་གྱི་དཔེ་སྟོན་ཁྱིམ་ཚང་རིན་ཆེན་འབུམ་གྱིས་གསོ་སྤེལ་ཉམས་མྱོང་མཉམ་སྤྱོད་བྱས་པ་འདི་ལྟར། “ང་ཚོས་མ་མོ་ལུ་གུ་སྦྲུམ་པའི་དུས་ནས་བཟུང་སྤུས་ལེགས་གཟན་ཆས་བྱིན་པ་ཡིན། དེ་ལྟར་བྱས་ན་ལུ་གུར་གཟུགས་བོངས་ཡོད་ཅིང་ལུ་གུའི་གསོན་ཚད་ཀྱང་མཐོ་རུ་འགྲོ་ཐུབ་པར་མ་ཟད། ང་ཚོས་ལུ་གུ་ཟླ་བ་གསུམ་སོང་རྗེས་འོ་མ་བཅད་དེ་གཟན་ཆས་བྱིན་པ་ཡིན། སྔོན་ལ་ཉུང་ཙམ་དང་རིམ་བཞིན་མང་གཏོང་གི་ཐབས་ཀྱིས་མ་མོའི་འཚོ་བཅུད་ཀྱང་རིམ་བཞིན་སླར་གསོ་ཐུབ”ཟེར། ཕན་འབྲས་མཐོ་བའི་བོད་ལུག་གསོ་སྤེལ་སྔར་བས་ལེགས་པོ་བྱ་ཆེད། མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བས“མཉམ་ལས་ཁང་དང་སྐྱེ་ཁམས་ཕྱུགས་ར། འབྲོག་ཁྱིམ་ཟུང་འབྲེལ”གྱི་བྱེད་སྟངས་འཚོལ་ཞིབ་དང་འཕེལ་རྒྱས་བཏང་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི“གཅིག་གྱུར་བདུན”ཏེ། “ཕྱུགས་ཟོག་གཅིག་གྱུར་དང་བྲ་གསོད་གཅིག་གྱུར། གསོ་སྤེལ་གཅིག་གྱུར། བཤས་གཏོང་གཅིག་གྱུར”བཅས་དམ་འཛིན་བྱས་ནས་བོད་ལུག་གསོ་སྤེལ་གྱི་ཕན་འབྲས་མཐོ་བའི་ནུས་རྩལ་རྒྱུན་མཐུད་ཁྱབ་གདལ་བཏང་སྟེ་གནད་ཆེ་བའི་ལག་རྩལ་དོ་དམ་ཚོད་འཛིན་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་བསྣན། ཉིན་ཞྭ་སྡེ་བའི་བོད་ལུག་བལ་དཀར་གྱི་དཔེ་སྟོན་ཁྱིམ་ཚང་ལྷ་བྷོས་བཤད་རྒྱུར། “ང་ཚོས་ད་བར་དུ་ལུག་གི་སྤུས་ཚད་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་གཅིག་གྱུར་ཐོག་ཚད་ལྡན་གྱི་གཟན་ཆས་ཉོ་བ་དང་། གཅིག་གྱུར་ཐོག་རིམས་འགོག་བྱེད་པ། ལུག་ཁྱུ་བཀར་ཏེ་དོ་དམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལུག་གསོ་སྤེལ་གྱི་ཕན་འབྲས་དང་སྤུས་ཚད་མཐོ་རུ་བཏང་བས། སྤུས་ཚད་ལེགས་སུ་ཕྱིན་ཚེ་ཉོ་བདག་མེད་པར་སེམས་ཁྲལ་བྱེད་མི་དགོས”ཟེར། སྡེ་བའི་ཀྲི་པུའི་ཧྲུའུ་ཅི་ཀུན་དཔལ་ཚེ་རིང་གིས་མུ་མཐུད་དུ“2024ལོའི་ཟླ3པའི་ཟླ་མཇུག་ཏུ་ང་ཚོ་ཡུལ་ཚོས་ལུ་གུ2800ལྷག་ཙམ་བཤས་གཏོང་བྱས་ཤིང་རིན་གོང་ཡང་ཡིད་ཚིམ་པོ་འདུག དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པས་ཚན་རྩལ་ལ་བརྟེན་ནས་ཕྱུགས་གསོ་བའི་ལམ་བུ་བཟང་པོ་ཞིག་རེད”ཅེས་བཤད། གསོ་སྤེལ་དཔེ་སྟོན་ཁྱིམ་ཚང་སོ་སོས་གསོ་སྤེལ་ཉམས་མྱོང་ལ་ནན་ཏན་ངང་གསན་རྗེས་ལྟ་སྦྱོང་རུ་ཁག་ཉིན་ཞྭ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་བསྐྱོད་དེ་ལྟ་སྦྱོང་མྱོང་ཚོར་གླེང་བ་རེད། ཆོས་རྒྱས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བཙན་ཕྱུག་སྟོབས་ལྡན་གྱིས“ཐེངས་འདིའི་ལྟ་སྦྱོང་དང་སློབ་སྦྱོང་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་ཕན་པ་ཆེན་པོ་ཐོབ་པར་མ་ཟད། ང་ཚོའི་སྡེ་བ་དང་ཉིན་ཞྭ་སྡེ་བའི་ཕྱུགས་འཚོ་བའི་ཧེ་བག་ཚོར་བྱུང་། ཉིན་ཞྭ་སྡེ་བའི་ཕན་འབྲས་མཐོ་བའི་གསོ་སྤེལ་ལག་རྩལ་ནི་སྔར་ནས་ད་བར་ང་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་ཡིན་པ་དང་། ལོ་གཉིས་རིང་ང་ཚོའི་སྡེ་བ་དང་ཉིན་ཞྭ་སྡེ་བའི་གསོ་སྤེལ་ཉམས་མྱོང་དཔྱད་གཞིར་བཟུང་ནས་རང་ཁྱིམ་གྱི་འབྲོག་ལུག‘ཕྱུག་འགྱུར་ལམ་ཆེན’ཐོག་བསྐྱོད་ཐུབ་འདུག”ཟེར།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ཉིན་ཞྭ་སྡེ་བའི་རི་བོ་མཐོན་པོར་སྲུང་སྐྱོབ་བྱེད་པའི་འཕེལ་རྒྱས་རྩ་དོན་དུ་བཟུང་ནས་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། “རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ། ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ཐང་གི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱ་རྒྱུ་རྨང་གཞིར་འཛིན་པ། རྩྭ་ཕྱུགས་དོ་སྙོམས་ལ་སྐུལ་འདེད་གཏོང་རྒྱུ་ལྟེ་བར་འཛིན་པ། ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་བསྒྱུར་རྒྱུ་འགག་རྩར་འཛིན་པ། མི་དང་རང་བྱུང་འཆམ་མཐུན་མངོན་འགྱུར་བྱ་རྒྱུ”སྤྱིའི་བླང་བྱར་འཛིན་པ། སྡེ་བའི་ཨུ་ལྷན་གཉིས་དང་སྡེ་དོན་ལྟ་སྐུལ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ནུས་ཤུགས་རྒྱ་སྐྱེད་དང་། ཁ་མདོག་གསུམ་གྱི་ཉེན་བརྡའི་སྒྲིག་གཞི་གསར་གཏོད་སྒོས། ལྗང་ཁུ་དང་སེར་པོ། དམར་པོའི་མཚོན་བརྡ་སྒྲིག་འཛུགས་བྱས་ནས་ཉེན་བརྡ་ཐེངས་གསུམ་ཡན་བཏང་ན་དག་ཐེར་མི་བྱེད་པར་མཚོན་རྟགས་དམར་པོ་སྤྲོད་དགོས། ཡུལ་ཚོའི་སྲིད་གཞུང་གི་མགོ་གཙོ་ཚེ་རིང་ཐར་གྱིས“བོད་ལུག་གསོ་སྤེལ་གཞི་ཁྱོན་ཆེ་བ་དང་ཚད་ལྡན་ཅན་གྱི་བདེ་ཐང་གསོ་སྤེལ་ལ་སྐུལ་འདེད་གཏོང་བར‘གསོ་ཆས་ཡག་པོ་སྡེབ་སྦྱོར་དང་བོད་ལུག་ལེགས་པོ་གསོ་བ། ལུག་ཤ་བཟང་བོ་ལས་སྣོན་བྱེད་པ། རིན་གོང་མཐོ་བའི་ཕྱིར་འཚོང’བཅས་གཞི་རྩའི་དམིགས་འབེན་དུ་བཟུང་སྟེ་ཕན་འབྲས་མཐོ་བའི་བོད་ལུག་གསོ་སྤེལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས་ཤིང་། ཉིན་ཞྭ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་མིག་དཔེར་བཟུང་སྟེ། རྩྭ་སར་བརྟེན་ནས་ཕྱུགས་འཚོ་བ་ནས་ཕྱུགས་ལ་བརྟེན་ནས་རྩྭ་ས་སྲུང་བར་བསྒྱུར་ཏེ། ཉིན་ཞྭ་སྡེ་བའི་བོད་ལུག་བལ་དཀར་གྱི་ཕན་འབྲས་མཐོ་བའི་ནུས་རྩལ་དང་ཉམས་མྱོང་སློབ་སྦྱོང་སྒོས། སྡེ་བའི་ཨུ་ཡོན་གཉིས་ཀྱི་སྣེ་ཁྲིད་ནུས་པར་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་ཟེར།

ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་ལས་སྟེགས་བསྐྲུན་པ་དང་ཉིན་ཞྭ་སྡེ་བའི་དཔེ་སྟོན་སྣེ་ཁྲིད་བརྒྱུད། སྡེ་བ་སོ་སོའི་ཧུར་ཐག་གིས་སློབ་སྦྱོང་བྱས་པ་དང་མཚོ་འཁྱིལ་ཡུལ་ཚོའི་བོད་ལུག་དཀར་པོའི་ཕན་འབྲས་མཐོ་བའི་གསོ་སྤེལ་ཁྱིམ་ཚང50ལྷག་ལ་བུད། བྱེད་ཐབས་དེས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་ས་གནས་ཀྱི་ཕྱུགས་རྒྱུད་གསོ་སྤེལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་ལྡབ་འགྱུར་གྱིས་གོང་དུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་བཅས་མངོན་འགྱུར་ལེགས་པོ་བྱུང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号