མཚོ་སྔོན་པོ་ནས“བྱ་བརྒྱའི་ནོར་བུ”ཞེས་གྲགས་པའི་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ།

གསར་འགོད་པས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར། ལྟ་ཞིབ་ཚད་ལེན་མི་སྣས་མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་དཔྱིད་ཀྱི་དུས་བྱར་ལྟ་ཞིབ་ཚད་ལེན་བྱེད་སྐབས“བྱ་བརྒྱའི་ནོར་བུ”ཞེས་སུ་གྲགས་པའི་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོར་མཐོང་།

མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་པ་དང་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་མཚོ་ཞིག་ཡིན། མཚོ་སྔོན་པོའི་འབབ་རྒྱུད་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་རང་རྒྱལ་ནུབ་བྱང་རྒྱུད་ཀྱི་ཁོར་ཡུག་ཆེན་མོའི་སྐྱེ་ཁམས་དོ་སྙོམས་ཡོང་བའི་ཆུའི་རྒྱུག་ཁུངས་གལ་ཆེན་ཞིག་རེད།

ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་རེད། རྒྱུན་ལོན་པ་ལྟར་ན། བྱ་དེ་མཚོ་སྔོན་པོའི་འགྲམ་གྱི་ཝ་མགྱོགས་འདམ་རའི་ནང་མཐོང་རྒྱུ་ཡོད་ལ། ཉེ་འཁོར་དུ་ད་དུང་སྐྱར་མོ་དཀར་མོ་དང་ངུར་བ་སོགས་ཆུ་བྱའང་ཡོད་པ་རེད། ལས་རིགས་ནང་ཁུལ་གྱི་ཆེད་མཁས་པས་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོའི་འཚོ་སྡོད་བྱེད་ས་ནི་མཚེའུ་དང་ཆུ་མཛོད། རྫིང་བུ་སོགས་མཐའ་མཚམས་ཀྱི་ཆུ་གཏིང་མི་ཟབ་པའི་ཁུལ་ཡིན་པས་འཚོ་བའི་ཁོར་ཡུག་ལ་རེ་བ་ཧ་ཅང་མཐོན་པོ་ཡོད། ཁ་ཟས་ཕུན་སུམ་ཚོགས་པ་དང་ཆུ་ཁུངས་ལེགས་པ། སྐྱེ་ཁམས་ཁོར་ཡུག་ལེགས་པ་བཅས་ཀྱི་འདམ་རའི་ཁུལ་དེ་གཞི་ནས་འཚོ་སྡོད་བྱ་ཡུལ་དུ་འདེམས་ཀྱིན་ཡོད་ཅེས་བཤད་པ་རེད། ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་མཚོ་སྔོན་པོ་ནས་མཐོང་རྒྱུ་ཡོད་པ་ནི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མཚོན་གྱིན་ཡོད།

རྒྱལ་སྤྱིའི་དུས་བྱའི་གནས་སྤོའི་བགྲོད་ལམ་གྱི་དུས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་མིག་སྔར་མཚོ་སྔོན་པོའི་ལོ་ཧྲིལ་པོའི་ཆུ་བྱའི་གྲངས་འབོར་ཁྲི60.6ཟིན་ནས་དེ་རང་རྒྱལ་གྱི་དུས་བྱའི་སྐྱེ་འཕེལ་གྲངས་འབོར་མང་ཤོས་དང་ཁྱུ་ཚོགས་གཅིག་སྡུད་ཆེ་ཤོས་ཀྱི་རྒྱུད་སྤེལ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། ལོ་རེ་བཞིན་མཚོ་སྔོན་པོར་རྒྱུད་སྤེལ་བྱེད་པའི་བྱ་ལོང་ལྟག་ཁྲ་དང་མཚེའུ་སྐྱར་འོལ་མགོ རྟ་སྐྱར། སོ་བྱ་ཨིར་མོ་སོགས་རྒྱུད་སྤེལ་བའི་ཁྱུ་ཚོགས་བཅས་གོ་ལ་ཧྲིལ་པོའི་རྒྱུད་སྤེལ་ཚད་བཅུ་ཆའི་གསུམ་ཟིན་གྱིན་ཡོད་པ་རེད།  

ཀླུ་མགོན་རྒྱལ་གྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号