ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཇུག་བསྒྲིལ།

ཟླ3ཚེས22ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། སློབ་སྦྱོང་སློབ་གསོ་ལས་མངོན་པའི་སྙིང་སྟོབས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་ཏེ།    དར་སྲོལ་བཟང་པོ་དང་སྣང་བརྙན་བཟང་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་ལའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། ཝང་ལིས་མེན།    ལིའུ་མེ་ཕིན། ཝུའུ་ལ་ཙི་པེ་ཁི·རི་སུའུ་ལིས་ཧན། ཀྲུའུ་ཞང་ཧྥུན་བཅས་ཀྱིས“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ངོས་འཛིན་སྔར་ལས་ཆེ་རུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་སྔོན་བརྩོན་བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཆེད་དོན་བགྲོ་གླེང་གཏམ་བཤད་སྤེལ། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། དུས་ཡུན་ཉིན་གཉིས་ཀྱི་དཔེ་ཀློག་འཛིན་གྲྭར་སློབ་སྦྱོང་བྱེད་སྐབས་སློབ་མ་ཚང་མས་བསམ་བློ་དང་ངོས་འཛིན།  མྱོང་ཚོར་བཅས་གླེང་བ་དང་།    གནད་དོན་ཞིབ་བཤེར་དང་ཞན་ཆ་འཚོལ་བ། འཆར་གཞི་བཤད་པ་བཅས་བྱས་པས།    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ངོ་བོ་དང་དེ་ཇི་ལྟར་ལག་བསྟར་བྱེད་པར་ངོས་འཛིན་སྔར་ལས་གཏིང་ཟབ་བྱུང་སྟེ་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་མགོ་རྩོམ་ས་གསར་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་ལག་བསྟར་བྱ་རྒྱུར་དཔེ་སྟོན་སྐུལ་ཁྲིད་བྱ་དགོས།     ཐོག་མཐའ་བར་གསུམ་དུ“ནམ་ཡང་ལམ་དུ་ཡོད”ཅེས་པའི་ངེས་ཤེས་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་གཟབ་ནན་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་གཟབ་ནན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱས་ཏེ། ཡུན་རིང་ལ་བྱས་རྗེས་བཞག་ནས་སྐྱིད་སྣང་རིང་ལུགས་དང་བག་མེད་ལོངས་སྤྱོད་མེད་པར་བཟོ་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མིག་སྔར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། ངེས་པར་དུ་སྒྲིག་ཁྲིམས་ནན་མོ་དང་སྤྱོད་ཚུལ་གཟབ་ནན་སྤྱད་དེ་འགན་སྲུང་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་འབྲས་ལྟ་བ་བརྟན་པོ་བཙུགས་ནས། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ཇུས་གཞི་འདོན་པ། བྱ་བ་སྒྲུབ་པ་བཅས་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དངོས་གནས་ཐག་གཅོད་ལེགས་པོ་བྱེད་པ་དང་། མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་མང་པོ་ཚོར་དུ་འཇུག་དགོས།  སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱ་དགོས་པ་དང་། མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དངོས་སུ་ལག་ལེན་བྱེད་པ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱས་ནས་འགན་འཁུར་པ་དང་པོའི་འགན་འཁྲི་བརྟན་པོར་འཁུར་དགོས། སྤྱོད་ཚུལ་དྭངས་གཙང་དང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས་པ་དང་། བློ་མཐུན་གྱི་འབྲེལ་བ་དྭངས་གཙང་དང་ལུགས་མཐུན་གྱི་གོང་འོག་གི་འབྲེལ་བ་ཆགས་པར་བྱ་དགོས་ལ། མཛའ་གཙང་གི་སྲིད་ཚོང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཐད་སྣེ་ཁྲིད་ལེགས་པོ་དང་འགན་འཁྲི་ལེགས་པར་སྒྲུབ་དགོས། སྤྱོད་ཚུལ་ལེགས་པོར་བརྟེན་ནས་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།    སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད། ལས་སྒྲུབ་ལས་སྐྲུན་གྱི་ནང་གནས་སྒུལ་ཤུགས་བསྐྱེད་དེ། དོན་གཉེར་དང་ལས་སྒྲུབ་ཀྱི་རྣམ་པ་དང་དངོས་གཉེར་ནུས་ཆེའི་སྤྱོད་ཚུལ་ལ་བརྟེན་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལེགས་པོར་མཇུག་བསྒྲིལ་བ་དང་། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས།

དཔེ་ཀློག་འཛིན་གྲྭ་སྒྲུབ་པའི་སྐབས་སུ། སློབ་མ་ཚང་མས་དཔེ་ཀློག་སློབ་ཁྲིད་དང་ཆེད་དོན་ཟུར་ཁྲིད། བགྲོ་གླེང་བརྗེ་རེས། ཉེན་བརྡའི་སློབ་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། 《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས། ཚང་མས་སློབ་སྦྱོང་བྱས་པ་བརྒྱུད་གཞུང་ལུགས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་།    བསམ་བློ་སྔར་ལས་མཐོར་འདེགས་གཏོང་བ། སྙིང་སྟོབས་སྔར་ལས་འཕེལ་བ། ངར་ཤུགས་གཅིག་ཏུ་བསྡུ་བ་བཅས་མངོན་འགྱུར་བྱས་པར་ངོས་འཛིན་གཅིག་མཐུན་བྱས། ཚང་མས་བསྟན་དོན། ཐེངས་འདིའི་དཔེ་ཀློག་འཛིན་གྲྭས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུར་ཚད་གཞི་བཙུགས་པ་དང་དཔེ་སྟོན་བྱས་པས། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་ཁྲིད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་འགན་ལེན་ནུས་ལྡན་འདོན་སྤྲོད་བྱེད་ཐུབ་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号