ཁྲེན་ཝུན་ཆིང་གིས་ཀོང་ཞིར་རྟོག་ཞིབ་བྱས་པ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་ཚེས18ཉིན་ནས་ཚེས20ཉིན་བར་ཀོང་ཞིར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཀོང་ཞིའི་ཆབ་སྲིད་ཁྲིམས་ལུགས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞིར་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་འཛིན་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡི་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། འགལ་བ་དང་རྩོད་གཞི་སེལ་བ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྲིད་ཁྲིམས་དཔུང་སྡེ་གསོ་སྐྱོང་བཅས་ཀྱི་ཐད་ལས་འགན་དང་འགན་འཁྲི་འཁུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀོང་ཞིའི་ལེའུ་བྲི་ཆེད་སྲིད་ཁྲིམས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

རང་སྐྱོང་ལྗོངས་ཏང་ཨུ་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་དང་སྤྱི་བདེ་ཐིང་དུ་རྟོག་ཞིབ་བྱེད་སྐབས་ཁྲེན་ཝུན་ཆིང་གིས་བསྟན་དོན། ཀོང་ཞི་ནི་མཐའ་མཚམས་དང་མཚོ་རྒྱུད་མི་རིགས་ས་ཁུལ་ཞིག་ཡིན་པའི་དབང་གིས་དགྲ་བོའི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་བས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་དང་། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བརྟན་པོ་བྱས་ཏེ། བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁ་གལ་ཆེན་འགོག་སེལ་ནུས་ལྡན་བྱས་ཏེ། མེས་རྒྱལ་གྱི“ལྷོ་ཕྱོགས་སྒོ་ཆེན”མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། དམག་འཐབ་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ནས་འབད་བརྩོན་ཡང་ཡང་བྱས་ཏེ། གློག་འཕྲིན་དྲ་རྒྱའི་མགོ་བསྐོར་སོགས་ཁྲིམས་འགལ་ཉེས་གསོག་འབུར་ཐོན་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་། ལྐོག་བརྒལ་དང་ལྐོག་འདྲེན་སོགས་མཐའ་མཚམས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས།

པེ་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་ཁུལ། གྲོང་རྡལ་བཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་པའེ་སེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་སུ་ཁྲེན་ཝུན་ཆིང་གིས་འགལ་བ་དང་རྩོད་གཞི་ཐག་གཅོད་དང་འབྲེལ་ཡོད་ཚོགས་སྤྱིའི་ཞབས་ཞུ་དོ་དམ་གནས་ཚུལ་ལ་ཤེས་རྟོགས་ཞིབ་མོ་བྱས་པ་མ་ཟད། གཞི་རིམ་ལས་བྱེད་པ་དང་ཉེན་རྟོག་པར་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “འགལ་བ་དང་ཉེན་ཁ་སེལ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི”ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྫོང་རིམ་པ་གཙོ་གནད་དུ་བཟུང་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པ། ས་གནས་མིང་འདོགས་དང་སྡེ་ཁག་བཅའ་སྡོད། འཁོར་སྐྱོད་ལམ་སྲོལ། བསྒྲུབ་འགན་ལྟ་སྐུལ། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་ཐད་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། བཅའ་སྡོད་ལས་ཁུངས་ཁག་གིས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཏང་ཨུ་རིམ་པ་ཁག་གི་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་མགོ་ཁྲིད་འོག་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་དོན་འཁྱོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྔར་ལས་ལྷག་པར་མཉམ་སྡེབ་སྟོབས་ཤུགས་ཆགས་པ་དང་། ཕན་ནུས་མཐོར་འདེགས་གཏོང་བ། མང་ཚོགས་ལ་སྟབས་བདེ་ཡོང་བ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་རེ་འདུན་བསྒྲུབ་མཁན་ཡོད་པ་དང་ཁྲིམས་ལྟར་བསྒྲུབ་ཐུབ་པའི་འགན་ལེན་བྱ་དགོས།

པེ་ཧའེ་གྲོང་ཁྱེར་ཧའེ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་དང་ནན་ཉིང་གྲོང་ཁྱེར་ལེང་ཆིང་ཆུས་མི་དམངས་ཞིབ་དཔྱོད་ཁང་དུ་རྟོག་ཞིབ་བྱེད་སྐབས། ཁྲེན་ཝུན་ཆིང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་པ་དང་། ཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཆ་ཚང་དང་ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་གཞག་དྲང་བདེན་གྱི་མྱོང་ཚོར་ཐོབ་དུ་འཇུག་དགོས། གུ་ཡངས་དང་ནན་མོ་ཕན་ཚུན་མཉམ་བཀོལ་བྱེད་པའི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ཏེ། གུ་ཡངས་བྱེད་དགོས་ན་གུ་ཡངས་དང་ནན་མོ་བྱེད་དགོས་ན་ནན་མོ་ཡོང་བར་བྱ་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ལ་ཧུར་ཐག་གིས་ཤུགས་སྣོན་བརྒྱབ་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་ཁྲིམས་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།

ཁྲེན་ཝུན་ཆིང་གིས་ནན་གྱིས་བསྟན་དོན། ཀོང་ཞིའི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པས། སྲིད་ཁྲིམས་ལས་ཁུངས་ཀྱིས་གསར་བརྗེའི་ཁྲག་རྒྱུད་སྲུང་འཛིན་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ། རྣོ་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་བློ་སེམས་དཀར་ཞིང་སྤྱོད་ལམ་གཙང་ལ་འགན་འཁུར་ལྡན་པའི་དུས་རབས་གསར་པའི་སྲིད་ཁྲིམས་དཔུང་སྡེ་གསོ་སྐྱོང་བྱ་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号