ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། ཡུན་ནན་གྱིས་ཏང་ཀྲུང་དབྱང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད། འབད་བརྩོན་མདུན་སྐྱོད། དངོས་སྒྲུབ་དངོས་གཉེར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན།
ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར། ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཉིང་དང་ཧྲིན་ཀྲང་ཝང་ཡུས་པོ་ཡི་འགྲོ་རོགས་འོག སྔ་རྗེས་སུ་ལིས་ཅང་དང་ཁུན་མིང་སོགས་སུ་རྟོག་ཞིབ་གནང་།
ཟླ3ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལིས་ཅང་དེང་རབས་མེ་ཏོག་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།
ཚེས19ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ལིས་ཅང་དེང་རབས་མེ་ཏོག་ཐོན་ལས་གླིང་དུ་ཕེབས་ཤིང་། འགྲེམས་སྟོན་ཁང་དུ་ཁོང་གིས་རྒྱ་སེ་མེ་ཏོག་དང་པད་མའི་མེ་ཏོག་གསར་པའི་སོན་རིགས་འགྲེམ་སྟོན་ལ་གཟིགས་པ་དང་། ཡུན་ནན་གྱི་མེ་ཏོག་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན། རྒྱ་སེ་མེ་ཏོག་འདེབས་འཛུགས་ཁུལ་དུ་ཁོང་གིས་རིག་ནུས་དྲོད་ཁང་གི་ས་མེད་འདེབས་འཛུགས་ལག་རྩལ་ལ་རྒྱུས་ལོན་གནང་བ་དང་། ཡུལ་དངོས་ཀྱི་སྡེ་མི་དང་ལག་རྩལ་མི་སྣར་བྱམས་བརྩེའི་ངང་གླེང་མོལ་གནང་། ཁོང་ད་དུང་རྒྱ་སེ་མེ་ཏོག་གི་རིམ་པ་དབྱེ་ནས་ཐུམ་སྒྲིལ་བྱེད་པའི་ཐོན་སྐྱེད་ལམ་ཐིག་ཏུ་ཕེབས་ནས་གདམ་གསེས་དང་རིམ་པ་དབྱེ་ནས་ཐུམ་སྒྲིལ་བྱེད་པ། ཚོང་ཟོག་སྐྱེལ་བ་བཅས་ཀྱི་བརྒྱུད་རིམ་ཡོངས་ལ་གཟིགས་ཞིབ་གནང་ནས། མེ་ཏོག་ཟོང་འགྲེམས་བརྒྱུད་དེ་དུས་ཐོག་ཕྱིར་འཚོང་བྱེད་པར་ཁས་ལེན་གང་ལེགས་གནང་། ཞི་ཅིན་ཕིང་གིས་ཡུན་ནན་གྱི་མེ་ཏོག་ཐོན་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས། ཐོན་ལས་ཕྲེང་འབྲེལ་ཡོངས་ལ་དམིགས་ནས་སོན་རིགས་དང་འདེབས་འཛུགས། ཁྲོམ་ར་བཅས་ཀྱི་བརྒྱུད་རིམ་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་བཏང་སྟེ། “མཛེས་སྡུག་གི་ཐོན་ལས”དེ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི“བདེ་སྐྱིད་ཐོན་ལས”ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་གསུངས།
ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལིས་ཅང་གནའ་མཁར་ལ་གཟིགས་ཞིབ་གནང་ནས་སྡོད་དམངས་དང་ཡུལ་སྐོར་པར་དགོངས་འཆར་བརྗེ་རེས་གནང་བཞིན་པའི་ཚུལ་རེད།
ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལིས་ཅང་གནའ་མཁར་ལ་གཟིགས་ཞིབ་གནང་ནས་སྡོད་དམངས་དང་ཡུལ་སྐོར་པར་དགོངས་འཆར་བརྗེ་རེས་གནང་བཞིན་པའི་པར་རེད།
ལིས་ཅང་གནའ་མཁར་ལ་ལོ་ངོ800ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་འཛམ་གླིང་རིག་གནས་ཤུལ་བཞག་མིང་ཐོ་རུ་ཚུད་ཡོད། དཔྱིད་ཀྱི་ཁ་བ་ཐེངས་ཤིག་བབས་རྗེས། ལིས་ཅང་ལ་ཡུལ་སྐོར་པ་མང་པོ་འཛོམས་ཡོད། ཞི་ཅིན་ཕིང་གནས་དེར་ཕེབས་ནས་གནའ་མཁར་བསྐྲུན་པའི་ལོ་རྒྱུས་དང་། འཇང་རིགས་སྡོད་དམངས་ཀྱི་སྡོད་ཁང་གི་ཁྱད་ཆོས། ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། སྡོད་དམངས་དང་ཡུལ་སྐོར་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་ཕན་ཚུན་འཚམས་འདྲི་གནང་བར་མ་ཟད། ལ་ལས་རོལ་ཆས་དཀྲོལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཚང་མ་དང་བརྗེ་རེས་ཡང་ཡང་གནང་ནས་ཚོང་ཁང་གི་གཉེར་སྐྱོང་གནས་ཚུལ་དང་ཡུལ་སྐོར་པའི་མྱོང་ཚོར་ལ་རྒྱུས་ལོན་གནང་། ཁོང་གིས་ས་གནས་ཀྱིས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། མཛེས་སྡུག་གི་གནའ་བོའི་གྲོང་ཁྱེར་དེར་གཟི་འོད་གསར་པ་འཕྲོ་བར་བྱེད་དགོས་པའི་བླང་བྱ་བཏོན།
ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལིས་ཅང་གནའ་མཁར་གྱི་རྨུ་ཚང་གི་ཐུའུ་སི་བཞུགས་ཤག་ལ་གཟིགས་ཞིབ་གནང་ནས་འཇང་རིགས་ཀྱི་སྟོན་པའི་རིག་གནས་ཀྱི་ཞིབ་འཇུག་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་བཞིན་པའི་ཚུལ་རེད།
གནའ་མཁར་ནང་གི་རྨུ་ཚང་གི་ཐུའུ་སི་བཞུགས་ཤག་གིས་ལྷོ་ནུབ་ས་ཁུལ་གྱི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད། ཞི་ཅིན་ཕིང་གིས་རྨུ་ཚང་གི་བཟོ་བཀོད་གཙོ་བོར་གཟིགས་ཞིབ་གནང་པ་དང་། འཇང་རིགས་ཀྱི་སྟོན་པའི་རིག་གནས་ཞིབ་འཇུག་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། ཁོང་གིས་རྨུ་ཚང་ལྟ་བུའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ལ་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ས་དེ་དང་ཞལ་གྱེས་སྐབས་ཡུལ་མི་དང་ཡུལ་སྐོར་པ་མང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཐའ་བསྐོར་ནས་སྐྱེལ་མ་ཞུས། ཞི་ཅིན་ཕིང་གིས་ཚང་མས་ལིས་ཅང་ལ་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་། ཁྱད་ཆོས་ལྡན་པའི་རིག་གནས། སྐད་གྲགས་ཆེན་པོ་བཅས་ཡོད་པས། རྒྱུན་མཐུད་དང་སྐྱོན་བྲལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་ཞིག་གཏོད་ཐུབ་ངེས་རེད་ཅེས་སྐུལ་ལྕག་གནང་། ཁོང་གིས་ལིས་ཅང་མི་དམངས་ཀྱི་འཚོ་བར་འཇང་རིགས་ཀྱི་རུས་མིང་དང་འདྲ་བར་བདེ་སྐྱིད་བདེ་ཐང་དང་། འཆམ་མཐུན་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུས།
ཚེས20ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཡུན་ནན་གྱི་ཕྱོགས་སོ་སོར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་། གོ་རིམ་རྗེས་མའི་བྱ་བའི་ཐད་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་བསྟན་དོན། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོ་ཞིག་རེད། ས་གནས་སོ་སོའི་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་རྨང་གཞིའི་ཆ་རྐྱེན་སོགས་མི་འདྲ་བས། ཐོན་ལས་ཚུལ་སྒྱུར་རིམ་སྤོར་དམ་འཛིན་བྱེད་པར་དོན་དངོས་ལ་གཞིགས་ནས་དཔལ་འབྱོར་ཆོས་ཉིད་བརྩི་སྲུང་བྱེད་པ་དང་། རང་ངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས། ཡུན་ནན་གྱིས་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ནས་ཐོན་ཁུངས་རྣམ་པའི་ཐོན་ལས་སྟོབས་ཆེན་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཧུར་ཐག་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་ཚད་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་ཀྱི་རིན་ཐང་འཕར་བ་དང་། ཁེ་ལས་ཀྱི་ཕན་འབྲས་འཕར་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཁེ་ཕན་མཉམ་སྤྱོད་ལམ་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཐོན་ལས་སྐས་རིམ་སྤོ་སྒྱུར་གོ་རིམ་ལྡན་པའི་སྒོ་ནས་དང་ལེན་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡུན་ནན་གྱི་ས་བབ་ཆ་རྐྱེན་དམིགས་བསལ་ཡིན་པས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཕྱོགས་ཀྱི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་བྱ་དགོས། སྤུས་ཚད་མཐོ་བའི་སྒོ་ནས་རང་མོས་ཉོ་ཚོང་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་བྱེད་པ་དང་། འགྲིམ་འགྲུལ་ཟོང་འགྲེམས་དང་། ནུས་ཁུངས། གཞི་གྲངས་ཆ་འཕྲིན་སོགས་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། སྒོ་འབྱེད་སྟེགས་བུ་སྣ་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་ཚད་ཅིག་ཏུ་འགྱུར་བར་བྱ་དགོས། མཐའ་འཁོར་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ཚན་རྩལ། འཇོན་མི། སྨན་བཅོས། རིག་གནས་སོགས་ཐད་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་ཚང་མར་ཕན་ཐོགས་སུ་འཇུག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཡུན་ནན་གྱི་སྐྱེ་ཁམས་གནས་བབ་གལ་ཆེན་ཡིན་པས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་ནས། རང་རྒྱལ་ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་ཤུགས་བསྣན་ཏེ། རྡོ་བྱེ་ཅན་དང་ས་ཆུ་ཤོར་བ། འབབ་རྒྱུད་ཆུང་བ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་དུ་སྤེལ་དགོས། རྒྱལ་ཁབ་ས་ཆའི་བར་སྟོང་སྤྱོད་ཡུལ་དོ་དམ་དང་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས། གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་དང་གཙོ་གནད་མཚེའུ་ཡི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཞི་ཅིན་ཕིང་གིས་ཡུན་ནན་དུ་མི་རིགས་མང་པོ་ཡོད་པས་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་སོ་སོ་ཕྱོགས་ཡོངས་ནས་བསྒར་འཇུག་བྱེད་པའི་ལག་ལེན་གྱི་ཐབས་ལམ་རྒྱ་བསྐྱེད་ནས། དུས་རབས་གསར་པའི་མཐའ་མཚམས་དར་རྒྱས་སུ་བཏང་སྟེ་དམངས་རྣམས་ཕྱུག་པོར་གཏོང་བའི་འགུལ་སྐྱོད་ཟབ་མོར་སྤེལ་ཏེ། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་བརླིང་ལ་དངོས་སུ་སྲུང་སྐྱོབ་བྱ་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མགོ་ཁྲིད་ནི་ལས་དོན་འཕེལ་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཡིན། ས་གནས་ཤིག་གི་ཏང་གི་མགོ་ཁྲིད་དང་ཏང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་མིན་ལ་བལྟ་དགོས་ན། ཕྱོགས་གལ་ཆེན་ཞིག་ནི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་མིན་ལ་བལྟ་རྒྱུ་དེ་རེད། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དངོས་སུ་སྒྲུབ་སྟེ། སྤྱོད་ཚུལ་དྲང་བདེན་གྱིས་བྱ་བ་སྒྲུབ་པ་དང་། རང་ངོས་ཀྱི་དཔེ་བཟང་བྱ་སྤྱོད་ལ་བརྟེན་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་གཙང་མར་འགྱུར་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་དོ་དམ་ལ་ཤུགས་བསྣན་ནས། སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ་ཚུལ་མིན་ལོག་སྤྱོད་ལ་གནས་གཞི་མེད་པར་བྱ་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་བཀོད་སྒྲིག་བྱས་ཡོད་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སློབ་སྦྱོང་སློབ་གསོའི་འགན་འཁྲིའི་འདུ་ཤེས་དང་ཛ་དྲག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་བབ་དང་ལས་འགན། རང་ས་གནས་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་ལོ་འདི་དག་གི་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྔར་ལས་གསལ་པོར་ཤེས་དགོས་པ་དང་། འབྲེལ་ཡོད་སྒྲིག་ཁྲིམས་ཆད་གཅོད་ཀྱི་སྒྲིག་སྲོལ་ཁོང་དུ་ཆུད་པར་བྱས་ནས་གནད་དོན་ཞིབ་བཤེར་ཐག་གཅོད་དང་། གཅིག་བསྡུས་བཅོས་སྐྱོང་བྱ་ཆེད་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། སྤྱོད་བསྲང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་བ་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་དང་། བློ་ཁོག་ཆེན་པོས་ལས་སྒྲུབ་ལས་སྐྲུན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་གནང་།
ཧི་ལིས་ཧྥིན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་མཉམ་དུ་རྟོག་ཞིབ་བྱས།
ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་། ཚེས20ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཁུང་མིང་དུ་བཅའ་སྡོད་དཔོན་དམག་གི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཁུང་མིང་དུ་སྡོད་པའི་དཔོན་དམག་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།
ཟླ3པའི་ཚེས20ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཁུང་མིན་བཅའ་སྡོད་དམག་དཔུང་གི་ཧྲང་ཞའོ་དམག་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་མི་སྣ། ཞི་བའི་ལས་འགན་ཁུར་བའི་མི་སྣའི་འཐུས་མི་དག་ལ་བརྩེ་བའི་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཁུང་མིང་བཅའ་སྡོད་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བར་མ་ཟད་ཚང་མ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注