ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཏང་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་བསྡུས།
ཟླ3པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཏང་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་བསྡུས་ཏེ། 2024ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་ཏང་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བར་སྤྱི་བསྡོམས་བྱས་ཤིང་། 2025ལོའི་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བལྟས་ན། 2024ལོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་དཔུང་ཁག་འཛུགས་སྐྲུན། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་བློ་སེམས་དཀར་པོས་ལག་བསྟར་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས། བསམ་ཕྱོགས་འདུ་ཤེས་གསར་སྒྱུར་བྱེད་པ་དང་། བྱ་བའི་བྱེད་ཐབས་ལེགས་སྒྱུར་བྱེད་པ། སྐུལ་འདེད་ནུས་ཚད་ཇེ་ཆེར་གཏོང་བ། བསམ་པའི་རྣམ་འགྱུར་ཡར་སྐུལ་བྱེད་པ། ལས་བྱེད་པའི་བྱེད་ཕྱོགས་ཚུལ་སྒྱུར་དང་བྱ་བའི་ཁོར་ཡུག་ལེགས་བཅོས་གཏོང་བ། སྤུས་ནུས་མཐོར་གཏོང་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་རྒྱུ་དེ་སྣེ་ཁྲིད་དུ་བྱས་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཁྱོན་ཡོངས་དང་མ་ལག་ལྡན་པ། སྒྲིག་གཞི་ལྡན་པའི་སྒོ་ནས་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་། བརྒྱུད་རིམ་ཧྲིལ་བོར་ལག་བསྟར་བྱེད་དགོས་ལ། གཏན་ཕབ་གཉིས་ལ་སྲུང་སྐྱོང་བརྟན་པོ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཇེ་དྲག་ཏུ་བཏང་སྟེ། བསླབ་གཞིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་པའི་ཐབས་ལམ་རྒྱ་བསྐྱེད་པ། བསླབ་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཆབ་སྲིད་ཀྱི་དད་གུས་དང་ཆབ་སྲིད་ཀྱི་ཁག་ཁུར་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཇེ་མཐོར་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། བདེན་སྲུང་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཏང་ཀྲི་པུའུ་སྟོབས་ལྡན་བཞི་གསར་འཛུགས་བྱེད་ཤུགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་བརྟན་པོར་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་ཏེ། སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། གཏིང་ཟབ་ཏུ་སློབ་པ་དང་གནད་ལ་འཁེལ་བའི་ཞིབ་བཤེར་བྱེད་པ། དོན་ཐོག་ཏུ་འཁྱོལ་བའི་ལེགས་བཅོས་བྱས་པར་བརྟེན། བྱེད་ཕྱོགས་ཁྱོན་ཡོངས་ནས་ཤུགས་དྲག་དང་ལེགས་བཅོས་བྱེད་པ། སྤུས་འབྲས་མཐོ་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཀྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注