ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཟླ3པའི་ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་བརྡ་ཐོའི་དགོངས་དོན་དོན་འཁྱོལ་བྱས་ལ། རང་ཞིང་གི་སློབ་སྦྱོང་སློབ་གསོ་མགོ་བརྩམས་པ་དང་དེར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ལ་མཐོང་ཆེན་ཚད་མེད་གནང་བ་དང་། སྐུ་དངོས་སུ་འཆར་འགོད་བྱས་ནས་བརྗོད་གཞི་གཏན་འཁེལ་བྱས་པ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་སྟེ། སློབ་སྦྱོང་སློབ་གསོ་སྤེལ་བར་ཁ་ཕྱོགས་གསལ་སྟོན་མཛད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བརྗོད་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཟུང་འབྲེལ་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་བྱེད་པ། མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པ་བཅས་དང་ཟུང་འབྲེལ་བྱེད་པ། སློབ་སྦྱོང་སློབ་གསོ་གཉིས་ཀ་དམ་འཛིན་དང་གཉིས་ཀར་སྐུལ་འདེད་གཏོང་བ། ཏང་ཡོན་ལས་བྱེད་པས་གཏན་འབེབས་སློབ་པ་དང་འགུལ་སྐྱོད་སྤེལ་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སློབ་སྦྱོང་སློབ་གསོའི་བྱེད་ཐབས་རེ་རེ་བཞིན་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་འགྱུར་བར་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་བརྗོད་དོན་ལ་དམིགས་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་འབུར་དུ་ཐོན་པར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྤྱོད་ཚུལ་ལེགས་པོ་སྤྱད་དེ་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ཚན་གཞི་ནན་མོ་དང་བླང་བྱ་ནན་མོས་རང་ལ་སྐྱོན་བརྗོད་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་ཞིབ་བཤེར་ལ་ཤུགས་ཚད་ཡོད་པ། ལེགས་བཅོས་ལ་གྲུབ་འབྲས་ཡོད་པ་བཅས་ལ་ཁག་ཐེག་བྱེད་དགོས། སློབ་སྦྱོང་ནན་མོ་བྱེད་པ་དང་། མ་ཡིག་དང་རྩ་བའི་རིགས་པར་རྒྱུས་ལོན་བྱེད་པ། དོན་གྱི་སྙིང་བོར་གོ་བ་ཟབ་མོ་ལེན་པ། སྒེར་གྱི་རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། དཔེ་ཀློག་འཛིན་གྲྭའི་དཔེ་སྟོན་སློབ་སྦྱོང་དང་། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱུན་རྣམ་སློབ་སྦྱོང་། གཅིག་བསྡུས་བརྗེ་རེས་བགྲོ་གླེང་གི་གཏིང་ཟབ་སློབ་སྦྱོང་། ཤུགས་སྣོན་རིགས་དབྱེ་མཛུབ་སྟོན་གྱི་གནད་འཁེལ་སློབ་སྦྱོང་བཅས་བརྒྱུད་དགོས། བདེན་བཤེར་དངོས་བཅོས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་གནས་པའི་མངོན་གསལ་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཐག་གཅོད་དང་གཅིག་སྡུད་ལེགས་བཅོས་བྱེད་པ། གྱོད་གཞིར་བརྟེན་ནས་སྤྱོད་ཚུལ་གླེང་བ་དང་གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་བཤད་པ། གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་བཤད་པ། གྱོད་གཞིར་བརྟེན་ནས་འགན་འཁྲི་བཤད་པ་བཅས་བྱས་ཏེ། སྒྲིག་སྲོལ་འཛུགས་པ་དང་ལམ་ལུགས་འཛུགས་པ་གཉིས་དམ་པོར་འཛིན་དགོས། སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་ཐོབ་ཚོར་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཚད་ལེན་བྱེད་པ། རང་རྟོགས་སྒོས་མང་ཚོགས་ཀྱི་ལྟ་སྐུལ་དཔྱད་འཇོག་དང་ལེན་བྱེད་པ། བརྩེ་བ་ཟབ་མོས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། མང་ཚོགས་ལ་སློབ་སྦྱོང་སློབ་གསོ་སྤེལ་བའི་སྣང་ཚུལ་གསར་བ་དང་འགྱུར་ལྡོག་གསར་བ་ཚོར་དུ་འཇུག་དགོས། འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་པ། གཅིག་འདོམས་ལྟ་རྟོག་ལ་དོ་སྣང་བྱེད་པ་དང་། བདེན་འཚོལ་དངོས་གཉེར་འབུར་དུ་ཐོན་པར་བྱེད་པ་བཅས་བྱས་ཏེ། ཐེངས་འདིའི་གྲོས་ཚོགས་མཚོན་རྟགས་སུ་བྱས་ཏེ་རང་ཞིང་གི་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་མགོ་རྩོམ་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་། ལིའུ་མེ་ཕིན། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞཱ། ཝང་ཏ་ནན། ཝུའུ་ལཱ་ཙི་པེ་ཁི·རེས་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号