ཝང་ཧུའུ་ཉིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་དང་རྒྱལ་ཡུམ་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས20ཉིན་པེ་ཅིང་དུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་རྒྱལ་ཡུམ་མའོ་ཉི་ལའེ་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱེད་པའི་གྲོགས་པོ་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བའི་དུས་རབས་གསར་བར་བསྐྱོད། ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་གཏིབ་ཟབ་ཏུ་གཏོང་བ། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་མུ་མཐུད་དུ་སྔར་ལས་ཆེ་བའི་འཕེལ་རྒྱས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།
ཞིས་ཧ་མོ་ཉི་དང་མའོ་ཉི་ལའེ་ཡིས་བསྟན་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་རབས་རྒན་པའི་མགོ་ཁྲིད་པས་ཐུན་མོང་གིས་བསྐྲུན་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་ཕྱོགས་ལ་སྒེར་སེམས་མེད་པར་རོགས་རམ་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདུ་ཤེས་དང་གྲོས་མགོ་གལ་ཆེན་བཏོན་པར་ཚད་མཐོའི་བསྟོད་བསྔགས་བྱ་རྒྱུ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ལག་རྡང་སྦྲེལ་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།
ཧྲིན་ཡའོ་ཡའོ་དང་ཝང་ཏུང་ཧྥིན་མཇལ་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注