ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་ནས《སྤྱི་པའི་བདེ་འཇགས་ཀྱི་བརྙན་གཟུགས་དང་བརྙན་རིས་ཆ་འཕྲིན་མ་ལག་གི་དོ་དམ་སྲོལ་ཡིག》ཁྱབ་སྒྲོག་བྱས།
ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་ནས། 《སྤྱི་པའི་བདེ་འཇགས་ཀྱི་བརྙན་གཟུགས་དང་བརྙན་རིས་ཆ་འཕྲིན་མ་ལག་གི་དོ་དམ་སྲོལ་ཡིག》ཅེས་པ་དངོས་སུ་ཁྱབ་སྒྲོག་བྱས་པ་དང་། ད་ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》གིས་སྤྱི་པའི་བདེ་འཇགས་ཀྱི་བརྙན་གཟུགས་མ་ལག་དོ་དམ་ལས་དོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་དགོས། འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་དགོས་པ་དང་ཁྲིམས་འགལ་གྱིས་གང་བྱུང་དུ་འཛུགས་སྐྲུན་བྱེད་རྒྱུ་གཏན་འགོག་བྱེད་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ། བསྐྱར་ཟློས་རྣམ་པའི་འཛུགས་སྐྲུན་མི་ཡོང་བ་བྱེད་དགོས། སྤྱི་པའི་བདེ་འཇགས་ཀྱི་བརྙན་གཟུགས་མ་ལག་འཛུགས་སྐྲུན་གྱི་བླང་བྱ་དང་སྤྱི་པའི་བདེ་འཇགས་ཀྱི་བརྙན་གཟུགས་མ་ལག་དོ་དམ་ལས་ཁུངས་ཀྱི་འཁོར་སྐྱོད་བདེ་འཇགས་འགན་འཁྲི་དང་བརྙན་གཟུགས་བརྙན་རིས་ཆ་འཕྲིན་བེད་སྤྱོད་ཀྱི་བླང་བྱ་ཁ་གསལ་བཟོ་དགོས་ཞེས་ནན་བཤད་བྱས་ཡོད། 《སྲོལ་ཡིག》ལས་རྒྱལ་ཁབ་ཀྱི་ལས་ཁུངས་དང་མི་སྒེར་གྱིས་བརྙན་གཟུགས་དང་བརྙན་རིས་ཆ་འཕྲིན་ལྟ་ཀློག་དང་བསྡུ་ལེན་བྱེད་པའི་དབང་ཚད་དང་གོ་རིམ་ཚད་ལྡན་ཅན་དུ་གཏོང་དགོས། བརྙན་གཟུགས་དང་བརྙན་རིས་ཆ་འཕྲིན་ཡོངས་བསྒྲགས་ངང་ཁྱབ་སྤེལ་བྱེད་སྐབས། མི་སྒེར་དང་རྩ་འཛུགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་ཆེ་དམ་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注