ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས།

ཟླ2པའི་ཚེས8ཉིན། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས་ནས། བྱ་བར་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བྱས་ལ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་རིམ་ཞིག་གི་དུག་འགོག་བྱ་བར་ཞིབ་འཇུག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཧོང་ཡ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། 2024ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་རིམ་པ་སོ་སོའི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུག་འགོག་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་རེ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། གཞི་གཅིག་ཏུ་རྡུང་འགོག་སྡོམ་འཛིན་སྒྲོག་བསྐྲུན་གྱི་བྱ་བ་སྣ་ཚོགས་བཟང་བོར་སྤེལ་བས། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། དུག་འགོག་འཐབ་རྩོད་ཐད་བརྟན་ཐོག་ཡར་འཕེལ་བྱས་ལ། དུག་འགོག་གནས་བབ་སྤྱི་ཁོག་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2025ལོར། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་རིམ་པ་སོ་སོའི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་གིས་དུག་རྫས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་། དུག་རྫས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་རྨང་གཞི་རུ་བྱས་ནས། དུག་འགོག་གི་མི་དམངས་འཐབ་འཁྲུག་གཏིང་ཟབ་ཏུ་སྤེལ་དགོས། མཐོ་གནོན་གཟབ་རྡུང་རྒྱུན་འཁྱོངས་བྱེད་པ་དང་། ཕྲེང་འབྲེལ་ཧྲིལ་བོས་དུག་རྫས་ཉེས་གསོག་ལ་རྡུང་རྡེག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་གཙིགས་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་དུག་བཟོ་དངོས་རྫས་ལ་ལྟ་རྟོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཉེན་བརྡའི་ཤེས་ཚོར་ཇེ་དྲག་ཏུ་བཏང་ནས། ཕྱོགས་ཡོངས་ནས་དུག་རྫས་གནས་བབ་ལ་ལྟ་ཞིབ་བྱེད་པ་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དོ་དམ་ཞབས་ཞུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོ་ནས་དུག་འཐེན་མི་སྣར་ཞབས་ཞུ་དོ་དམ་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། རིམ་པ་ཡོངས་ནས་དུག་འགོག་བྱ་བ་ལག་བསྟར་བྱེད་པའི་འགན་འཁྲི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྔོན་འགོག་གཙོར་འཛིན་པ་འབུར་ཐོན་བྱས་ཏེ། ཡོངས་སུ་ཁེབས་པའི་དུག་རྫས་སྔོན་འགོག་དྲིལ་སྒྲོག་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དེ་དང་མཉམ་དུ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་ལྟར་དུག་རྫས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་ཕན་ནུས་མཐོར་འདེགས་གཏོང་དགོས། སྡེ་ཁག་མཉམ་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་གཞོགས་འདེགས་གཏིང་ཟབ་བྱེད་དགོས། གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་ནུས་སྐྱེད་ཇེ་དྲག་བཏང་ནས། གནས་བབ་གསར་བའི་འོག་དུག་རྫས་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号