ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་རྒྱལ་ཁབ་འཛུགས་མཁན་གྱི་ཙུང་ཐུང་ནུའུ་ཆའོ་མཱ་སྐུ་གཤེགས་པའི་ཐད་ནས་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པ་ལ་གློག་འཕྲིན་བཏང་ནས་མྱ་ངན་ཞུས།

ཟླ2པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་རྒྱལ་ཁབ་འཛུགས་མཁན་གྱི་ཙུང་ཐུང་ནུའུ་ཆའོ་མཱ་སྐུ་གཤེགས་པའི་ཐད་ནས། ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པ་ལ་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས་མྱ་ངན་ཟབ་མོ་ཞུས་པ་དང་། ཙུང་ཐུང་ཟུར་པ་ནུའུ་ཆའོ་མཱ་ཡི་གཉེན་ཉེ་དང་ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ཟུར་པ་ནུའུ་ཆའོ་མཱ་ནི་ཨ་ཧྥེ་རི་ཁ་གླིང་གི་ཆབ་སྲིད་མཁས་ཅན་དང་གསར་བརྗེ་མཁས་ཅན་རྒན་རབས་པ་ཞིག་ཡིན་ལ། ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཁོང་གིས་ན་སྨི་པི་ཡའི་མི་དམངས་ཀྱི་སྣེ་ཁྲིད་དེ། མི་རིགས་རང་བཙན་དང་མི་རིགས་བཅིངས་འགྲོལ་གྱི་ལས་དོན་དོན་གཉེར་བྱས་ནས་མངོན་འགྱུར་བྱས་པ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་གང་ལེགས་བྱས་ནས་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་མྱོང་།  ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ། ཀྲུང་གོའི་བར་བློ་བརྟན་འགྱུར་མེད་ངང་མཛའ་མཐུན་བཅངས་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁོང་སྐུ་གཤེགས་པ་ནི་ན་སྨི་པི་ཡའི་མི་དམངས་ལ་མཚོན་ནས་བཤད་ན་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ལའང་ཆ་མཚོན་ནས་བཤད་ནའང་བློས་ཐུབ་ཀྱི་གྲོགས་པོ་རྙིང་པ་ཞིག་གཏན་ནས་ཤོར་བ་དང་འདྲ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་ཅིང་། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་གང་ལེགས་བྱས་པ་ཡིན་ན། གཞི་ནས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་ངེས་གཏན་ཡིན་ཞེས་གསུངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号