ཞིང་ཆེན་ཡོངས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས།
ཞིང་ཆེན་ཡོངས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ2པའི་ཚེས8ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིནཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་དམིགས་ནས། གྲུབ་འབྲས་སྤྱི་སྡོམ་དང་ཉམས་མྱོང་བརྗེ་རེས་བྱས་པ་དང་། ད་ལོའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ཁྲིན་ཅི་ཝེ་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་གྱི་ཚོགས་སྒྲིག་རང་བཞིན་གྱི་རོགས་རམ་དང་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱ་བ་སྔ་རྗེས་སུ་ཀྲུང་དབྱང་བྱ་བའི་མ་ལག་ཁྲོད་ཚུད་པ་དང་། བྱ་བའི་གྲུབ་འབྲས་བཟང་བོ་བླངས་ལ། དམངས་ཚིས་འགན་སྲུང་དང་ལེགས་སྒྲིག་བྱེད་པ་དང་། ཐོན་ལས་ཆུ་ཚད་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་དམ་ཟབ་ཏུ་གཏོང་བ་སོགས་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2025ལོའི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། འགན་གསལ་ཤུགས་སྣོན་དང་ཕྲེང་འབྲེལ་དར་སྤེལ་གཏོང་བ་དང་རིམ་པའི་སྨན་ཁང་གི་གསར་གཏོད་བརྩོན་ལེན་ལ་སྐུལ་འདེད་གཏོང་བ། དཀྱིལ་སྙིང་ལྔའི་མཁྲེགས་གཏོར་སྤེལ་བ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྒོ་བསྟེན་སྨན་ཁང་ཡོངས་ཁེབས་བྱེད་པ། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ། འཇོན་མི་སྐྱེད་སྲིང་གི་རྒྱུ་སྤུས་མཐོར་འདེགས་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྲུན་ནུས་སྐྱེད་བྱེད་པ། མ་དངུལ་གཏོང་བར་ཤུགས་སྣོན་པ། ཚོགས་སྒྲིག་ཆུང་བའི་མཚོ་སྔོན་རོགས་སྐྱོར་ལྡན་འགྱུར་ངང་ཇེ་མང་དུ་གཏོང་བ། ཚན་རྩལ་གྱིས་ཞིང་ལས་ལ་རོགས་འདེགས་བྱེད་པ་དང་ཕན་འབྲས་ཇེ་མཐོར་གཏོང་བ་བཅས་ཀྱི་འགུལ་སྐྱོད་བཅུ་བརྟན་བརླིང་ངང་སྤེལ་བ། ལས་འགན་གཙོ་བོར་དམིགས་ནས། ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་དགོས། སྨན་བཅོས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་རོགས་སྐྱོར་ཐད་ནས་གཙོ་གནད་དམ་འཛིན་དང་དཀའ་གནད་ཁྱད་སེལ་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། སློབ་གསོའི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་རོགས་སྐྱོར་ཐད་ནས་ཚད་གཞི་དམ་འཛིན་དང་ཡུན་རིང་ལ་སྐུལ་འདེད་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། ཚན་རྩལ་ཆེད་མངག་ཚོགས་དང་ཚོགས་སྒྲིག་ཆུང་བའི་རོགས་སྐྱོར་ཐད་ནས་གནད་ཕིགས་དམ་འཛིན་དང་དངོས་འབྲས་བརྩོན་ལེན་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་གཅིག་འདོམས་ཇེ་ཆེར་གཏོང་བ། ཞབས་ཞུ་ལ་ཤུགས་བསྣན་ནས། ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་རོགས་སྐྱོར་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།
ཚོགས་ཐོག་ཏུ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་ཀྱི་འཐུས་ཚབ་པས་བརྗེ་རེས་གཏམ་བཤད་བྱས། ཚོགས་འདུའི་སྔོན་དུ། ཞིང་ཆེན་གྱི་ལས་བྱེད་པ་དང་འཇོན་མིའི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་རོགས་སྐྱོར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། 2025ལོའི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་རོགས་སྐྱོར་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注