ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ།
ཟླ2པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དང་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་ཚོ་བཅས་ཀྱི་དམངས་ཆེན་འཐུས་མི་སྐོར་ཞིག་རྩ་འཛུགས་བྱས་ཏེ། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་རུ་སོང་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱ་བར་ལྟ་ཞིབ་བྱས་པ་དང་། གནོད་པ་ཐེབས་པའི་གནས་སྤར་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། དམངས་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ས་གནས་དེ་ནས་རིམ་པ་ལྔའི་དམངས་ཆེན་འཐུས་མི་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
རྟོག་ཞིབ་ཚན་ཆུང་གིས་དམངས་ཆེན་འཐུས་མི་དང་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཡུལ་ཚོ། སྡེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་བསྟན་དོན། ལོ་གསར་བའི་ལོ་མགོ་རུ། ཞིང་ཆེན་ཏང་ཨུས་འབྲེལ་ཡོད་གྲོས་ཚོགས་བསྡུས་ནས། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་ཚོང་འགུག་དངུལ་འདྲེན་བྱེད་པ་དང་ཞིང་སྡེ་འབྲོག་ཁུལ་བྱ་བར་བཀོད་སྒྲིག་བྱས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ལ། ཉམས་འགྱུར་གསར་བ་དང་སྤྱོད་ཚུལ་བཟང་བོས་བྱ་བ་ལག་བསྟར་བྱེད་པ་ནན་སྟོན་བྱས་པ་དང་། ཞིང་ཆེན་ཏང་ཨུས་མགོ་བརྩམས་མ་ཐག་མཆོང་རྒྱུག་བྱེད་པའི་སྙིང་སྟོབས་རྣམ་པ་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ཟེར།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཏང་ཀྲུང་དབྱང་ལ་རེ་བ་ཡོད་པ་དང་ཞིང་ཆེན་ཏང་ཨུར་བཀོད་སྒྲིག་བྱས་ལ། དམངས་ཆེན་གྱིས་འགུལ་སྐྱོད་བྱས་ནས་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ། མགོ་བརྩམས་མ་ཐག་འབད་འཐབ་ལེགས་བརྩོན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དང་། ཁྲིམས་ལྟར་འགན་སྒྲུབ་བྱེད་ན་ལག་བསྟར་དམ་འཛིན་བྱེད་པའི་ངེས་སེམས་དང་རྒྱུན་ཤུགས་ལ་བརྟེན་ནས། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་བྱེད་པ་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པ། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་ལས་མགོ་འཁྱོངས་པར་བྱེད་ཆེད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注