རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས9ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ1པོའི་ནང་དཔྱིད་གསར་དུས་ཆེན་གྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་དང་། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངསCPI འཕར་ཚད་དེ་ཟླ་གོང་མའི0.1%ནས0.5%བར་ཆེ་རུ་ཕྱིན་པ་དང་། ཟླ་སྔོན་མའི་ནང་དུ་ཆ་སྙོམས་བྱས་ན0.7%འཕར་ཡོད།
དུས་མཚུངས་ལས་བལྟས་ན། ཞབས་ཞུ་དང་ཟས་རིགས་ཀྱི་རིན་གོང་ལ་དཔྱིད་གསར་དུས་ཆེན་གྱི་ཤུགས་རྐྱེན་ཐེབས་ཚད་ཅུང་ཆེ་ཞིང་། དེའི་ཁར་རླངས་སྣུམ་གྱི་རིན་གོང་བསྐྱར་འཕར་བྱུང་བས། ཐུན་མོང་གིསCPIདུས་མཚུངས་ལས་འཕར་བར་ཤུགས་རྐྱེན་ཐེབས་ཡོད་ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་དབུ་བཞུགས་བསྡོམས་རྩིས་པ་ཏུང་ལི་ཅོན་གྱིས་དེ་ལྟར་བཤད།
བསྡོམས་རྩིས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1པོར་ཞབས་ཞུའི་རིན་གོང་དུས་མཚུངས་ལས1.1%འཕར་བ་དང་། འཕར་ཚད་དེ་ཟླ་སྔོན་མ་ལས་བརྒྱ་ཆའི་ཚེག0.42འཕར་ཡོད། ཟླ་སྔོན་མའི་བརྒྱ་ཆའི་ཚེག0.22ལས་མཐོ་བ་རེད། ཞབས་ཞུའི་ཁྲོད་གནམ་གྲུའི་པ་སེ་དང་ཡུལ་སྐོར་རིན་གོང་སོ་སོར8.9%དང7.0%འཕར་ཡོད། གློག་བརྙན་དང་འཁྲབ་སྟོན་གྱི་པ་སེ་དང་། ཁྱིམ་ལས་ཞབས་ཞུ། སྐྲ་བཟོ་སོགས་ཀྱི་རིན་གོང་སོ་སོར11.0%དང6.9%། 5.8%བཅས་འཕར་ཡོད།
ཟླ1པོའི་ནང་དུ་ཟས་རིགས་ཀྱི་རིན་གོང་དུས་མཚུངས་ལས0.4%འཕར་བ་དེསCPIདུས་མཚུངས་ལས་བརྒྱ་ཆའི་ཚེག0.07འཕར་བར་ཤུགས་རྐྱེན་ཐེབས་པ་དང་། ཟླ་སྔོན་མརCPIནི་བརྒྱ་ཆའི་ཚེག0.09མར་ཆག་པར་ཤུགས་རྐྱེན་ཐེབས་པ་རེད། ཟས་རིགས་ཁྲོད་ཕག་ཤ་དང་སྔོ་ཚོད་གསར་བའི་རིན་གོང་སོ་སོར13.8%དང2.4%ཡིན། སྐམ་ཤ་དང་ལུག་ཤ། བཟའ་སྣུམ། འབྲུ་རིགས་ཀྱི་རིན་གོང་བཅས་སོ་སོར13.1%དང5.6%། 2.5%དང1.4%བཅས་མར་ཆག་པ་རེད། དེ་ལས་གཞན། རླངས་སྣུམ་གྱི་རིན་གོང་ཟླ་སྔོན་མའི 4.0%ནས0.6%བར་ཆག་ཡོད་པས། CPIལ་ཤུགས་རྐྱེན་ཐེབས་ཚད་ཟླ་སྔོན་མ་ལས་བརྒྱ་ཆའི་ཚེག0.12ཇེ་ཆུང་དུ་སོང་ཡོད།
ཚོད་རྩིས་བྱས་པ་ལྟར་ན། ཟླ1པོའི་ནང་བརྒྱ་ཆའི་ཚེག0.5ཟིན་པའིCPIདུས་མཚུངས་ལས་འགྱུར་ལྡོག་བྱུང་བའི་ཁྲོད་དུ་མཇུག་སྒྲའི་ཤུགས་རྐྱེན་ནི་བརྒྱ་ཆའི་ཚེག-0.2ཙམ་ཡིན། ད་ལོའི་རིན་གོང་གི་འགྱུར་ལྡོག་གི་ཤུགས་རྐྱེན་གསར་བ་ནི་བརྒྱ་ཆའི་ཚེག0.7ལྷག་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注