སྡེ་ཁག་གཉིས་ཀྱིས་བརྡ་སྦྱོར་དཔར་འགྲེམ་བྱས་ཏེ་ནུས་ཁུངས་གསར་བའི་དྲ་འཇུག་གློག་ཚད་ཕྱོགས་ཡོངས་ནས་གློག་ཤུགས་ཚོང་རར་སླེབས་པར་སྐུལ་འདེད་བཏང་བ།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས9ཉིན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་ཉེ་ཆར་མཉམ་འབྲེལ་སྒོས《ནུས་ཁུངས་གསར་པའི་དྲ་ཞུགས་གློག་རིན་ཚོང་ར་ཅན་དུ་འགྱུར་བའི་བཅོས་སྒྱུར་ཟབ་སྤེལ་དང་ནུས་ཁུངས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་སྦྱོར》བཏང་། རླུང་གློག་དང་ཉི་ནུས་གློག་འདོན་སོགས་ནུས་ཁུངས་གསར་བའི་དྲ་འཇུག་གློག་ཚད་ཕྱོགས་ཡོངས་ནས་གློག་ཤུགས་ཚོང་རར་ཞུགས་པར་སྐུལ་འདེད་བཏང་།

བརྡ་སྦྱོར་ནང་རིན་གོང་ཚོང་ར་ཆགས་པ་དང་། འགན་འཁྲི་འདྲ་མཉམ་གྱིས་འཁུར་བ། བསགས་འབོར་འཕར་ཚད། སྲིད་ཇུས་གཅིག་གྱུར་གྱིས་མཐུན་སྦྱོར་བཅས་བྱེད་པའི་སྤྱི་ཡོངས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས་ནུས་ཁུངས་གསར་པའི་དྲ་འཇུག་གློག་རིན་ཚོང་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཟབ་སྤེལ་དང་། ནུས་ཁུངས་གསར་པའི་དྲ་ཞུགས་གློག་ཚད་ཁྱོན་ཡོངས་ནས་གློག་ཤུགས་ཚོང་རར་ཞུགས་པ་དང་། དྲ་ཞུགས་གློག་རིན་དེ་ཚོང་རའི་ཉོ་ཚོང་ལ་བརྟེན་ནས་ཆགས་པར་སྐུལ་འདེད་གཏོང་རྒྱུ། ནུས་ཁུངས་གསར་པ་རྒྱུན་མཐུད་ངང་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་པའི་རིན་གོང་བསྡོམས་རྩིས་རྒྱག་པའི་ནང་རྐྱེན་དུས་མཉམ་དུ་འཛུགས་པ་དང་། གསོག་ཚད་དང་འཕར་གྲངས་ཀྱི་རྣམ་གྲངས་རིགས་དབྱེ་ཐབས་ཇུས་དབྱེ་འབྱེད་བྱས་ནས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བཏོན།

བརྡ་སྦྱོར་ལས་ནུས་ཁུངས་གསར་པ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་རིན་གོང་བསྡོམས་རྩིས་རྒྱག་པའི་ལམ་སྲོལ་གསར་གཏོད་བྱ་རྒྱུ་དང་། གསོག་ཚད་རྣམ་གྲངས་ནང་འཇུག་རྒྱུ་དང་། ལམ་སྲོལ་གྱི་གློག་ཚད་དང་གློག་རིན་སོགས་ད་ལྟ་སྤྱོད་བཞིན་པའི་སྲིད་ཇུས་དང་འབྲེལ་མཐུད་འོས་འཚམ་བྱ་རྒྱུ། ལམ་སྲོལ་ནང་འཇུག་བྱེད་པའི་གློག་ཚད་ཀྱི་གཞི་ཁྱོན་དེ་ས་གནས་སོ་སོས་རྒྱལ་ཁབ་ཀྱི་བླང་བྱ་ལྟར་ལུགས་མཐུན་གཏན་འཁེལ་བྱ་རྒྱུ་དང་། ལམ་སྲོལ་གློག་རིན་དེ་ཚོང་ར་ཅན་དུ་འགྱུར་བའི་འགྲན་རྩོད་རིན་གོང་གི་རྣམ་པས་གཏན་འཁེལ་བྱ་རྒྱུ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་རིན་གོང་བསྡོམས་རྩིས་རྒྱག་པའི་ལམ་སྲོལ་འཛུགས་པར་བརྟེན་ནས། སྲིད་ཇུས་གསར་རྙིང་འབྲེལ་མཐུད་འོས་འཚམ་བྱེད་པ་དང་། ལས་རིགས་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་པོ་ཡོང་བར་བྱས་ཏེ། ནུས་ཁུངས་གསར་པ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་བྱེད་པར་ཕན་ཐོགས་པ་གསལ་བོར་བསྟན་ཡོད།

བརྡ་སྦྱོར་ལས་ས་གནས་སོ་སོས་རྩ་འཛུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ནས་བཅོས་བསྒྱུར་ལག་བསྟར་བྱེད་རིམ་ཁྲོད་འཕྲད་པའི་གནད་དོན་རང་འགུལ་ངང་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ། སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སློག་པ། སྲིད་ཇུས་དང་བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་དང་། རིན་གོང་བཅོས་བསྒྱུར་དང་འཆར་འགོད་ཀྱི་དམིགས་འབེན། དཔང་ལྗང་གི་སྲིད་ཇུས། ཚོང་རའི་འཛུགས་སྐྲུན། ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་སོགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བཅོས་བསྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号