ལིས་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལེ་ལ་མཇལ་འཕྲད་གནང་།

ཟླ2པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལེ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་མིག་སྔར་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ཁྱབ་ཁོངས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་གྲུབ་འབྲས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དབང་གིས། རྒྱལ་ཁབ་གཉིས་ཀའི་མཛའ་བརྩེ་བརྟན་པོ་སྔར་ལས་ཡུན་རིང་ཇེ་བརྟན་དུ་འགྲོ་མུས་ཡིན། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་འཐབ་ཇུས་ཀྱི་མཛུབ་སྟོན་གསར་པ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་དང་།  མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་མཛའ་མཐུན་མུ་མཐུད་དར་སྤེལ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་བར་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཆ་རྐྱེན་ཅི་ལའང་མི་ལྟོས་པའི་འོག་གི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་པར་བྱེད་འདོད་ཡོད་ཅེས་གསུངས།

ཀྲ་ཨར་ཏ་ལེ་ཡིས་ཕ་ཁི་སི་ཐན་དང་ཀྲུང་གོ་ནི་སྲོལ་རྒྱུན་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོ་བཟང་པོ་ཡིན་ལ། རྒྱལ་སྤྱིའི་སྣེ་མང་འགྱུར་ལྡོག་རྒོད་པའི་གནས་སྟངས་འོག་ཏུ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་ཡིད་ཆེས་བྱེད་ཀྱིན་ཡོད་ཅིང་། ཕན་ཚུན་བར་གྱི་མཛའ་མཐུན་འབྲེལ་བ་མི་རབས་ནས་མི་རབས་རྒྱུན་འཛིན་བྱེད་ཀྱིན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་བརྩེ་ལ་ཧ་ཅང་གཅེས་འཛིན་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས། ཚོང་དོན་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དངུལ་རྩ། དམངས་ཚིས། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་སྔར་བས་ཟབ་སྤེལ་བཏང་ནས། ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་འདོད་ཡོད།  ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཕ་ཁི་སི་ཐན་དུ་ཡོང་ནས་དངུལ་གཏོང་དང་ལས་གཉེར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། ནུས་ཤུགས་ཡོད་རྒུས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་ལས་གཞི། སྒྲིག་གཞི་བཅས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号