ཞི་ཅིན་ཕིང་གིས་ཐེ་གོའི་ཙུང་ལི་ཕེ་ཐུང་ཐན་ལ་མཇལ་འཕྲད་གནང་།
ཟླ2པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐེ་གོའི་ཙུང་ལི་ཕེ་ཐུང་ཐན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐེ་གོའི་བར་གྱི་མཛའ་མཐུན་ལོ་ངོ་སྟོང་ཕྲག་རིང་ལ་རྒྱུན་འཛིན་བྱས་ཡོད་པའི་དབང་གིས། “ཀྲུང་གོ་དང་ཐེ་གོ་ཁྱིམ་ཚང་གཅིག་གི་གཉེན་ཉེ་ལྟར་བརྩེ་བའི”རྣམ་པ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ལྷག་བསམ་ཟོལ་མེད་སྒོས་ཕན་ཚུན་བར་ཡིད་ཆེས་བྱེད་པ། ཕན་ཚུན་བར་སོ་སྲུང་རོགས་རེས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕ་རོལ་པོས་རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བརྟན་པོ་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་དང་ཀྲུང་གོ་དང་ཐེ་གོའི་བར་མཛའ་མཐུན་གསེར་གྱི་མདུད་པ་སྤེལ་ཏེ་ལོ་50ཡིན་པས། ཕྱོགས་གཉིས་ཀས་སྔ་འཛིན་ཕྱི་གཏོད་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་ཟབ་སྤེལ་གཏོང་བ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་གང་ལེགས་བསྐྲུན་ཏེ། ས་ཁུལ་དང་འཛམ་གླིང་ལ་ཕན་པ་སྔར་ལས་གང་མང་སྩོལ་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་མིག་སྔའི་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མཐོང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ། ཀྲུང་གོ་དང་ཐེ་གོ་ཕྱོགས་གཉིས་ཀས་འཐབ་ཇུས་ངོས་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཕན་ཚུན་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཐེ་གོའི་འབྲེལ་བའི་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ཀྲུང་གོ་དང་ཐེ་གོའི་ལྕགས་ལམ་སོགས་གྲུ་གཟིངས་ལས་གཞི་ལག་བསྟར་ཡག་པོ་བྱས་ཏེ། ཀྲུང་གོ་དང་ལའོ་ཝོ་དང་ཐེ་་གོ་བཅས་ཀྱི་མཉམ་འབྲེལ་འབྲེལ་མཐུད་འཕེལ་རྒྱས་བསམ་བཀོད་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། གཞི་གྲངས་དཔལ་འབྱོར་དང་ནུས་ཁུངས་གསར་པའི་རླངས་འཁོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བཏང་ནས། མཉན་དུ་ལག་གདང་སྦྲེལ་ཏེ་སྔར་ལས་བརྟན་བརླིང་དང་གེགས་མེད་ཀྱི་ཐོན་ལས་ཕྲེང་འབྲེལ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། དྲ་ཐོག་གི་རྒྱན་འཛུགས་དང་གློག་འཕྲིན་མགོ་སྐོར་ལ་རྡུང་རྡེག་གཏོང་རྒྱུར་བསྟོད་བསྔགས་བྱ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀས་ཁྲིམས་འཛིན་བདེ་འཇགས་དང་ཁྲིམས་འཛིན་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ་ཀྱི་འགྲོ་འོང་མཉམ་ལས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས། ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པའི་ངང་ནས་མཉམ་སྒྲུབ་བྱེད་པ། མི་སེམས་སྐྱིད་ལ་བསྐུར་བ་དང་དམངས་ཚིས་ལ་ཕན་པའི་བསམ་བཀོད་སྔར་ལས་གང་མང་འཐེན་ནས། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་མི་སེམས་ཀྱི་གཏིང་ཟབ་སར་ཟུག་པར་བྱེད་རྒྱུ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇུག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་ཀྱིས་རྫ་ཆུ་དང་མེ་ཀུང་གཙང་བོའི་མཉམ་ལས་ཀྱི་ཐུན་མོང་ཀྲུའུ་ཞིའི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཐེ་གོ་གསེར་གྱོམ་ཟླ་གྲོགས་རྒྱལ་ཁབ་ཏུ་གྱུར་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཐེ་གོའི་བར་ འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བརྟན་པོ་བྱས་ནས། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ཇེ་དམ་དུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་།
ཕེ་ཐུང་ཐན་གྱིས་ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་གཞན་དག་བར་གྱི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་བསྣན་ནས། བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། དྲ་ཐོག་རྒྱན་འཛུགས་དང་གློག་འཕྲིན་མགོ་སྐོར་སོགས་རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བརྟན་པོ་བྱེད་ཀྱིན་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注