སྡེ་ཁག་མང་པོས་སློབ་ཆེན་སློབ་མའི་གཞི་རྩའི་སྨན་བཅོས་འགན་བཅོལ་འགན་ཞུགས་ཀྱི་ཁེབས་ཚད་རྒྱ་སྐྱེད།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་སློབ་གསོ་པུའུ་དང་དམངས་སྲིད་པུའུ་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་བྱས་ནས་སློབ་ཆེན་སློབ་མའི་སྨན་བཅོས་འགན་སྲུང་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བའི་བརྡ་ཐོ་འགྲེམ་སྤེལ་བྱས་པ་དང་། སློབ་ཆེན་སློབ་མའི་གཞི་རྩའི་སྨན་བཅོས་འགན་བཅོལ་འགན་ཞུགས་ཀྱི་ཁེབས་ཚད་རྒྱ་བསྐྱེད་པ་གཏན་འཁེལ་གསལ་བོ་བྱས་ཏེ། སློབ་ཆེན་སློབ་མའི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོར་འདེགས་བཏང་།
བརྡ་ཐོ་ལས། སློབ་ཆེན་སློབ་མ་འགན་བཅོལ་ནང་ཞུགས་པར་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་སྟེ། སློབ་གསོའི་སྡེ་ཁག་དང་འབྲེལ་ཡོད་སློབ་ཆེན་གྱིས་སློབ་མ་འགན་བཅོལ་ནང་ཞུགས་པར་སྟབས་བདེ་བསྐྲུན་ཆེད། སློབ་ཆེན་གྱི་རྒྱལ་ཕྱོགས་ཞབས་འདེགས་ལས་ཁུངས་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ས་གནས་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་ལ་གཞོགས་འདེགས་བྱས་ནས། སློབ་ཆེན་གྱི་འགན་བཅོལ་ནང་ཞུགས་པའི་བྱ་བ་བསྒྲུབ་པའི་ཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱེད་ལ། འགན་བཅོལ་ནང་ཞུགས་པའི་དྲིལ་སྒྲོག་ཞབས་ཞུ་ལེགས་པོར་བསྒྲུབ་པ་དང་། དྲ་ངོས་ཀྱི་འགན་བཅོལ་ནང་ཞུགས་པའི་རིན་སྤྲོད་བྱེད་ཐབས་བཀག་མེད་ཡོང་བར་བྱས་ཏེ། སློབ་མས་འགན་བཅོལ་ནང་ཞུགས་པའི་རིན་སྤྲོད་པར་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་བསྟན།
བརྡ་ཐོ་ལས། སློབ་ཆེན་སློབ་མའི་སྨན་བཅོས་འགན་བཅོལ་ཐོབ་ཐང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་སྟེ། སྨན་ཁང་དུ་སྡོད་པའི་ལྟ་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བའི་རྨང་གཞིའི་སྟེང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་སྨན་བཅོས་འགན་བཅོལ་མ་དངུལ་དང་ལེན་ནུས་པ་གཞིར་བཟུང་ནས། སློབ་ཆེན་སློབ་མ་དང་བཅས་པའི་སྡོད་དམངས་རྣམས་ཀྱི་སྒོ་བསྟེན་སྨན་བཅོས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་དགོས། སློབ་ཆེན་གྱིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བསྣན་ནས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། རང་འཐད་ཀྱིས་རེ་ཞུ་རྒྱག་པར་མ་ཟད་ཆ་རྐྱེན་དང་འཚམ་པའི་སློབ་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དེ་སྨན་བཅོས་འགན་བཅོལ་གནས་ས་གཏན་འཁེལ་གྱི་ཁྱབ་ཁོངས་སུ་བཅུག་ནས། སློབ་མས་ཐག་ཉེ་ནས་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་པ་དང་། སློབ་ཆེན་སོ་སོས་འགྲོ་སོང་རྩིས་ཞུའི་བརྒྱུད་རིམ་སྟབས་བདེར་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྨན་བཅོས་འགན་བཅོལ་ཐད་ཀར་བསྡོམས་རྩིས་རྒྱག་པ་དངོས་འབེབས་བྱེད་དགོས། ཆ་རྐྱེན་ཡོད་པའི་སློབ་ཆེན་གྱིས་སློབ་མའི་སྨན་བཅོས་འགན་སྲུང་ཆུ་ཚད་འོས་འཚམ་གྱིས་མཐོར་འདེགས་གཏོང་བར་སྐུལ་ལྕག་གནང་དགོས་པའི་བླང་བྱ་བཏོན།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ལས་ཞུགས་ཟི་ཡི་འགན་ཁུར་བས་བསྟན་དོན། མིག་སྔར་རང་རྒྱལ་གྱིས་དམངས་ཡོངས་ལ་ཁེབས་པའི་གཞི་རྩའི་སྨན་བཅོལ་འགན་བཅོལ་ལམ་ལུགས་བཙུགས་ཡོད། འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་ལྟར། སློབ་ཆེན་སློབ་མ་སྡོད་དམངས་ཀྱི་ཆ་ཤས་གཅིག་ཡིན་པའི་ཆ་ནས། ཁྲིམས་ལྟར་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཅུག་ཡོད། བརྡ་ཐོ་ལག་བསྟར་བྱས་རྗེས། རིགས་མི་འདྲ་བའི་འགན་སྲུང་ཐོན་ཁུངས་གཅིག་སྡུད་མཉམ་སྡེབ་བྱས་པ་བརྒྱུད། སྲིད་ཇུས་ཀྱི་མི་འདང་ས་ཁ་གསབ་བྱས་ནས། སློབ་ཆེན་སློབ་མའི་སྨན་བཅོས་འགན་སྲུང་གི་འདོན་སྤྲོད་ཆུ་ཚད་མཐོར་འདེགས་གཏོང་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注