རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལས་སྒོ་གཅིག་ལ་སྲིད་ཇུས་གཅིག་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་རྒྱུགས་བཤེར་བྱ་བར་སྐུལ་འདེད་ཟབ་མོ་བཏང་།
རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་པའི་ཚུན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལས་སྒོ་གཅིག་ལ་སྲིད་ཇུས་གཅིག་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་རྒྱུགས་བཤེར་བྱ་བར་སྐུལ་འདེད་ཟབ་མོ་བཏང་ནས། ལས་རིགས་ཉེར་ལྔའི་ཁ་གཏད་རང་བཞིན་གྱི་རྒྱུགས་བཤེར་ལག་བསྟར་ཇུས་གཞི་བཏོན་པ་དང་། 2024ལོའི་ཀྲུང་དབྱང་ཁེ་ལས་ཀྱི་རྒྱུགས་བཤེར་དམིགས་ཚད་ཁྲོད། བྱེ་བྲག་རང་བཞིན་གྱི་དམིགས་ཚད་ཀྱིས་བརྒྱ་ཆའི་དོན་བདུན་ཟིན་པ་དང་། ཁྲིད་ཕྱོགས་སྔར་ལས་གསལ་བོ་ཡིན་ལ། སྐུལ་སྤེལ་སྔར་ལས་གནད་འཁེལ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཁྲིམས་སྲོལ་ལམ་ལུགས་མ་ལག་དང་བྱ་བའི་མ་ལག་སྔར་ལས་འཐུས་ཚང་བཟོས་ནས། ཕྱག་མཛོད་དང་རྒྱུ་ནོར་བདག་དབང་ཐོ་འགོད། གླ་ཕོགས་དོ་དམ་སོགས་མ་ལག་སྔར་ལས་འཐུས་ཚང་བཏང་བ་དང་། ཁེ་ལས་ཀྱི་གཞི་གྲངས་གཙོ་བོའི་དྲ་ལམ་ལྟ་སྐུལ་དོ་དམ་མགྱོགས་མྱུར་ངང་མངོན་འགྱུར་བྱུང་ལ། དེ་དང་མཉམ་དུ་མ་འཇོག་མཁན་གྱི་ལྟ་སྐུལ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་སྐོར་ཞིབ། རྩིས་བཤེར། ཁེ་ལས་ནང་ཁུལ་གྱི་ལྟ་སྐུལ་བཅས་སྦྲེལ་མཐུད་མཉམ་སྡེབ་བྱས་ཏེ། ཆེད་ལས་ཅན་དང་མ་ལག་ཅན། ཁྲིམས་སྐྱོང་ཅན། ནུས་མཐོ་ཅན་བཅཆས་ཀྱི་ལྟ་སྐུལ་དོ་དམ་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་བྱ་བའི་མཉམ་ཤུགས་གྲུབ་སྟེ། རྒྱལ་དབང་རྒྱ་ནོར་གྱི་ལྟ་སྐུལ་དོ་དམ་ཕན་ནུས་མཐོར་འདེགས་བཏང་།
2025ལོ་ནི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་འགུལ་སྐྱོད་ལག་བསྟར་མཇུག་སྒྲིལ་བའི་ལོ་རེད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡོན་ཡའེ་ཡིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་དོན་འཁྱོལ་ཟབ་མོ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ལམ་ལུགས་ཁག་གསུམ་བཅོས་སྒྱུར་ཟབ་སྤེལ་བྱེད་ལ། ལྟ་སྐུལ་དོ་དམ་མ་ལག་སྔར་ལས་འཐུས་ཚང་བཟོ་བ་དང་། ལས་སྒོ་གཅིག་ལ་སྲིད་ཇུས་གཅིག་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་རྒྱུགས་བཤེར་བྱ་བར་སྐུལ་འདེད་བཏང་སྟེ། གཏན་འཁེལ་བྱས་པའི་བཅོས་སྒྱུར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注