སྦྲུལ་ལེ་དབར་སྟོང་ལ་བསྐྱོད་ཐུབ་པའི་ངར་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་དྲག་པོ་བྱུང་།
ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2025ལོའི་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ནས། འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་དངོས་ལ་ཕྱོགས་བསྡོམས་བྱས་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་རྒྱང་ལྟ་བྱས་ཏེ། མི་དམངས་དུང་ཕྱུར་མང་པོ་ཞིག་གིས་བརྗིད་ཉམས་ལྡན་པའི་དམིགས་འབེན་ཕྱོགས་སུ་མུ་མཐུད་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ས་གནས་སོ་སོ་རུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྦྲུལ་ལེ་དབར་སྟོང་ལ་བསྐྱོད་ཐུབ་པའི་ངར་ཤུགས་ལ་བརྟེན་ནས་ཡིད་ཆེས་བརྟན་པོ་དང་རེ་བ་ཆེན་པོ་བཅངས་ནས་གསར་གཏོད་ཡར་བརྩོན་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བཅས་བྱས་ཏེ་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་དགོས།
ཟླ1པོའི་ཚེས27ཉིན་གྱི་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚང་མར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་ལོ་གསར་གྱི་སྨོན་འདུན་ཞུས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་ལ་ཉེ་བའི་ཤིང་ཕོ་འབྲུག་ལོ་ནི་འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་བླངས་པའི་ལོ་ཞིག་རེད། ལོ་གཅིག་གི་རིང་། རྙོག་འཛིང་ཆེ་ཞིང་ཛ་དྲག་གི་གནས་བབ་ཀྱི་མདུན་དུ་ང་ཚོས་འགྱུར་བ་ལ་ཁ་གཏད་ནན་འཇལ་དང་ཕྱོགས་བསྡུས་ཇུས་བསྟར། མཁྲེགས་གཏོར་དཀའ་སེལ་དང་འབད་བརྩོན་ལྷོད་མེད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་གསར་པ་སྤོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་འབྲི་ཆུའི་ལྷོ་བྱང་གང་སར་ཁྱབ་པ་དང་། མི་རྣམས་ཀྱིས་ཡིད་ཆེས་དང་རེ་སྒུག་ཆེན་པོས་ལོ་གསར་སླེབས་པར་བསུ་བ་བྱས།
ལུའོ་ཉིན་ཧྲིན་ཡང་གི་གྲོང་མི་ཡུན་ཧང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་མང་པོ་ལག་བསྟར་བྱས་པ་དང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་འགན་སྲུང་ཡོད་པར་གྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། དཀའ་ངལ་དང་ཉེན་ཁ་གང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པའི་འདུན་པ་འགོག་མི་ཐུབ་ལ། ང་ཚོས་འབད་བརྩོན་ཆེན་པོས་ལས་སྒྲུབ་བྱས་ཏེ་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་དུ་འཇུག་དགོས་པ་དང་། མེས་རྒྱལ་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།
ཞིན་ཅང་ཁི་ཧྲི་གྲོང་ཁྱེར་ཕ་ཧ་ཐེ་ཁི་ལུས་ཡུལ་ཚོའི་ཏང་ཨུའི་ཨུ་ཡོན་ཐུའུ་ཞུན་ཀུའུ་སི་ཏིའི་ཁི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། ང་ཚོས་དུས་ནམ་ཡང་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ང་ཚོས་མུ་མཐུད་དུ་ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། སྐྱེ་ཁམས་ལྟ་སྐོར་དང་ཞིང་ལས་རོལ་མྱོང་། ཞིམ་ཟས་རོལ་མྱོང་སོགས་ཀྱི་རིག་གནས་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་། བརྩེ་སེམས་ཟབ་མོས་དམངས་ཚིས་དོན་དངོས་བཟང་པོར་སྒྲུབ་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་སྒོ་འཕར་སྣོན་བྱེད་དུ་འཇུག་རྒྱུ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ང་ཚོས་ཡིད་ཆེས་བརྟན་པོ་དང་གཡོ་འགུལ་མི་བྱེད་པ། འགལ་བ་དང་གནད་དོན་ལ་ཐད་ཀར་ཁ་གཏད་འཇལ་ནས་གཡོལ་ཐབས་མི་བྱེད་པར། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་ནས་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ཚེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་ཐུབ་ངེས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་མི་དམངས་ཀྱིས་བརྗིད་ཉམས་ལྡན་པའི་དམིགས་འབེན་ཕྱོགས་སུ་མུ་མཐུད་འབད་བརྩོན་བྱེད་པར་སྐུལ་ལྕག་གནང་།
ལུགས་རྙིང་ལོ་གསར་སྐབས་སུ། མི་མང་པོ་ཞིག་གིས་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད། འབྲི་ཆུའི་འབབ་རྒྱུད་ཀྱི་ཅང་ཧེ་རྒྱ་མཚོའི་བརྒྱུད་འདྲེན་ལྟེ་བའི་གྲུ་ཁ་དང་། ཚན་རིག་སྒྲིག་ཆས་ཆེན་པོ་འཁོར་སྐྱོད་ཡུལ་དངོས། ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་འགན་སྲུང་ལས་ཡུལ་དང་པོ་རུ། ལས་རིགས་སོ་སོའི་མི་རྣམས་ཀྱིས་འབད་འཐབ་བྱས་ནས་མེས་རྒྱལ་གྱི་ལས་དོན་སྣ་ཚོགས་ལ་གཟི་བརྗིད་བསྣན་ཡོད།
ཧྲའོ་ཀྲིག་འབབ་ཚུགས་ཤར་མའི་ལས་བྱེད་མི་སྣ་ཡེ་ཨེ་ཡོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མི་སེམས་ལ་དྲོད་འཁོལ་སྦྱིན་པ་དང་སྐུལ་མ་ཐེབས་པ་ཞིག་རེད། ན་ནིང་ལོ་མཇུག་ཏུ་ཅུས་ཏ་ཡོན་ལྕགས་ལམ་ཤར་གཏོང་བྱེད་མགོ་བརྩམས་པ་དང་། འདི་ནི་ང་དང་ལས་གྲོགས་ཚོས་ལས་གནས་གསར་པ་རུ་ལོ་གསར་ཐོག་མ་རོལ་བ་ཡིན་ལ། ང་ཚོས་རང་ནུས་ཅི་ཡོད་བཏོན་ནས་ཞབས་ཞུའི་འགན་སྲུང་བྱ་བ་ཡག་པོར་སྒྲུབ་པ་དང་། འགྲུལ་བ་རྣམས་བདེ་འཇགས་ཀྱིས་འགྲོ་སྐྱོད་བྱེད་དུ་འཇུག་རྒྱུ་ཡིན་ཟེར།
ཀྲུང་གོ་ཚན་རིག་གླིང་རྒྱལ་ཁབ་རོགས་སྐྱོར་ལྟེ་གནས་ཀྱི་ཚན་རིག་པ་ཆེན་མོ་ཀྲང་ཧྲིག་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས། འདས་ཟིན་པའི་ལོ་གཅིག་གི་ནང་། རང་རྒྱལ་གྱིས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་སྐོར་ཞིག་བླངས་པ་དང་། ལོ་གསར་པའི་ནང་། ང་ཚོས་ཏན་ཏིག་གིས་ཚན་རིག་གི་སྒྲིག་གཞི་ཞིབ་འཇུག་བཀོད་སྒྲིག་དང་འཛུགས་སྐྲུན་བྱས་ནས། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།
2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་དང་དོ་ཁུར་ལ་དུས་ཐོག་དང་ནུས་ལྡན་གྱིས་ལན་བསློགས་ནས། དམངས་ཚིས་དོན་དག་ཡག་པོ་སྒྲུབ་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་པ་ཐོབ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན། རྒྱ་ཆེའི་ལས་བྱེད་པ་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་སྐྱོད་ལམ་གསར་པའི་ཐོག་བསྐྱོད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བློ་སེམས་གཅིག་སྒྲིལ་དང་མཁྲེགས་གཏོར་དཀའ་སེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།
ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་ལས་རིགས་སོ་སོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད་ཟེར།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིན་ཀྲི་ཡུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་སྤུན་ཟླར་ལོ་གསར་ལ་རྟེན་འབྲེལ་ཞུས་པ་དང་། དུས་ནམ་ཡང་ཞང་ཀང་གི་སྤུན་ཟླར་ཐུགས་ཁུར་དང་བྱམས་སྐྱོང་གནང་བཞིན་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་བཅངས་ངེས་ཡིན། ཞང་ཀང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ལོ་གསར་པའི་ནང་བཅོས་སྒྱུར་བྱེད་ཕོད་པ་དང་དཀའ་ཉེན་ལ་མ་འཛེམ་ཚེ་གནམ་ས་གསར་པ་གཏོད་ཐུབ་ངེས་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注