ཨ་རིས་ཀྲུང་གོའི་དམག་དོན་སྟོབས་ཤུཊ་ཐད་བཤད་དོན།
ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས་19ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་སྲུང་པུའུ་ཡིས་ཉེ་ཆར་ཀྲུང་གོའི་དམག་དོན་སྟོབས་ཤུགས་ཀྱི་ལོ་འཁོར་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་གནད་དོན་སྐོར་དྲི་བ་བཏོན་པ་རེད། ལིན་ཅན་གྱིས་ཨ་རི་ཕྱོགས་ཀྱི་སྙན་ཞུ་འདི་དེ་སྔོན་གྱི་སྙན་ཞུ་དང་འདྲ་བར་དོན་དངོས་ལ་བསམ་བློ་མི་གཏོང་བ་དང་། ཕྱོགས་ཞེན་གྱིས་ཁེངས་པ། “ཀྲུང་གོའི་འཇིགས་སྐུལ་སྨྲ་བ”ཞེས་པ་ཁྱབ་སྤེལ་བྱེད་པ་ནི་རང་ཉིད་ཀྱི་དམག་དོན་བཙན་དབང་རྒྱུན་འཁྱོངས་བྱེད་པར་ཁ་གཡར་ས་འཚོལ་བ་ཙམ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། བརྟན་བརླིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་བྱ་རྒྱུ་ཡིན། དུས་མཚུངས་སུ་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།
ལིན་ཅན་གྱིས། ང་ཚོས་ཨ་རི་ཕྱོགས་ལ་འཇམ་འཐབ་ཀྱི་བསམ་གཞིགས་དང་བཙན་དབང་གི་གཏན་ཚིགས་དོར་ནས། ཀྲུང་གོའི་འཐབ་ཇུས་ཀྱི་འདོད་བློ་དང་རྒྱལ་སྲུང་འཛུགས་སྐྲུན་ཐད་དངོས་ཡོད་དང་མཐུན་ཞིང་རྗེས་དཔག་གི་ལྟ་སྟངས་འཛིན་པ་དང་། ལོ་རེ་བཞིན་འགན་མི་འཁུར་བའི་སྙན་ཞུ་དེ་རིགས་སྤེལ་མཚམས་བཞག་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་བར་གྱི་འབྲེལ་བ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注