འགོ་ཁྲིད་འདི་དག་གི་གོ་གནས་བསྐོ་འཐེན་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས།
ཞུས་ཡའོ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་། སུང་ཞིན་ཁྲུན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས།)ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས། ཞ་ཀང་རྒྱལ་ཁབ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ་རེད།
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས།)ཀྱི་ཅུས་ཀྲང་གཞོན་པ་ཕེང་ཞའོ་ཀང་གི་གོ་གནས་ཕྱིར་འཐེན་བྱས་པ་དང་། རྒྱལ་ཁབ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲང་ཅི་ལིའི་གོ་གནས་ཕྱིར་འཐེན་བྱས། རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ཞིན་ཁྲུན་གྱི་གོ་གནས་ཕྱིར་འཐེན་བྱས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཅིན་གྱི་གོ་གནས་ཕྱིར་འཐེན་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注