ཏེན་ཞུའེ་ཞང་གིས་ཨ་སེ་པེ་ཅང་ལ་འཚམས་འདྲི་མཛད།
ཟླ11པའི་ཚེས12ཉིན་ནས་ཚེས13ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་གདན་ཞུས་ལྟར་ཨ་སེ་པེ་ཅང་དུ་འཚམས་འདྲི་གནང་བ་དང་། པ་ཁུའུ་རུ་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་ཞིང་། ཙུང་ལི་གཞོན་པ་མུའུ་སི་ཐ་ཧྥ་ཡེ་ཧྥུའུ་དང་གྲོས་མོལ་མཛད། འདི་ནི་ཟླ11ཚེས13ཉིན་ཏེན་ཞུའེ་ཞང་གིས་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་བའི་རྣམ་པ་རེད།
ཟླ11པའི་ཚེས12ཉིན་ནས་ཚེས13ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་གདན་ཞུས་ལྟར་ཨ་སེ་པེ་ཅང་དུ་འཚམས་འདྲི་གནང་བ་དང་། པ་ཁུའུ་རུ་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་ཞིང་། ཙུང་ལི་གཞོན་པ་མུའུ་སི་ཐ་ཧྥ་ཡེ་ཧྥུའུ་དང་གྲོས་མོལ་མཛད།
ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཏེན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཏེན་ཞུའེ་ཞང་གིས་ད་ལོའི་ཟླ7པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་རྣམ་གཉིས་ཨ་སི་ཐ་ན་རུ་མཇལ་འཛོམས་གནང་ནས། ཀྲུང་གོ་དང་ཨ་སེ་པེ་ཅང་གཉིས་བར་གྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་ཆུ་ཚད་དུ་མཐོར་འདེགས་གཏོང་རྒྱུ་མཉམ་དུ་ཁྱབ་བསྒྲགས་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བསྟུད་མར་ཇེ་བརྟན་དུ་གྱུར་བ་དང་། འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་སེ་པེ་ཅང་ཕྱོགས་དང་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་ཡིད་ཆེས་དང་འདྲ་མཉམ་གཉིས་ཕན་གྱི་སྙིང་སྟོབས་ཐོག་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྔར་ལས་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨ་སེ་པེ་ཅང་བར་གྱི་འབྲེལ་བ་དེ་འགོ་འཛུགས་ས་གསར་པ་དང་ཆུ་ཚད་མཐོ་བའི་ཐོག་མུ་མཐུད་དུ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཏེན་ཞུའེ་ཞང་གིས་ཨ་སེ་པེ་ཅང་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་པཱ་ཁུའུ་ཚོགས་ཆེན་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་སེ་པེ་ཅང་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སའི་གོ་ལའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་། འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད“ཀྲུང་གོ་དང་ཨ་སེ་པེ་ཅང་གི་ལེགས་སྐྱེས་”འབུལ་འདོད་ཡོད་ལ། ཨ་སེ་པེ་ཅང་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་གཞི་བཅས་མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཨ་ལིས་ཡེ་ཧྥུའུ་ཡིས་ཏེན་ཞུའེ་ཞང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བྱས་པ་བརྒྱུད་བསྒྲགས་གནང་རོགས་ཞུས། ཨ་ལིས་ཡེ་ཧྥུའུ་ཡིས་ཨ་སེ་པེ་ཅང་དང་ཀྲུང་གོ་གཉིས་ནི་འཐབ་ཇུས་གྲོགས་པོ་ངོ་མ་ཡིན་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་ཕྱིན་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བྱུང་ཡོད། ཨ་སེ་པེ་ཅང་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་གྲོས་གཞི་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”ཧུར་ཐག་གིས་མཉམ་སྐྲུན་བྱེད་པ་དང་། ལིས་ཧེ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་རྒྱ་སྐྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཨ་སེ་པེ་ཅང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། དཔལ་ཡོན་དང་རིག་གནས་ཀྱི་གླེང་མོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
མུའུ་སི་ཐ་ཧྥ་ཡེ་ཧྥུ་དང་གྲོས་མོལ་མཛད་སྐབས། ཏེན་ཞུའེ་ཞང་གིས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་དང་འབྲེལ་བའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རྒྱུ་དེ་ཨ་སེ་པེ་ཅང་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོར་བརྟེན་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད། དཔལ་འབྱོར་ཉོ་ཚོང་གི་དངུལ་གཏོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཨ་སེ་པེ་ཅང་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཁྲོམ་རར་ཞུགས་ཐུབ་པ་དང་། ཨ་སེ་པེ་ཅང་གི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་བཏང་ནས་འཕེལ་རྒྱས་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཀྱང་ཨ་སེ་པེ་ཅང་ལ་མ་དངུལ་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ནུས་ཁུངས་མཉམ་ལས་ཟབ་སྤེལ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་ཕྱོགས་དང་བསྟུན་གང་ཐུབ་བྱས་ཏེ། ནུས་ཁུངས་གཙང་མ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་། མཉམ་སྦྲེལ་མཉམ་མཐུད་ཟབ་སྤེལ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་བདེ་འཇགས་དང་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱས་ཏེ། ཨ་སེ་པེ་ཅང་སོགས་ལམ་རྒྱུད་རྒྱལ་ཁབ་དང་མཉམ་དུ་ལི་ཧའེ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་མཉམ་དུ་འཛུགས་སྐྲུན་བྱེད་པ། མི་ཆོས་རིག་གནས་བརྗེ་རེས་ཟབ་སྤེལ་དང་། རིག་གནས་དང་། སློབ་གསོ། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་པ་དང་། ཁྱིམ་མཚེས་མཛའ་མཐུན་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
མུའུ་སི་ཐ་ཧྥ་ཡེ་ཧྥུའུ་ཡིས་ཨ་སེ་པེ་ཅང་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ལེན་དང་དེའི་ཁྲོད་ཧུར་ཐག་གིས་ཞུགས་པའི་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་ཡིན། ཨ་སེ་པེ་ཅང་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྲ་ཞིང་བརྟན་པ་དང་། ཨ་སེ་པེ་ཅང་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད། ཨ་སེ་པེ་ཅང་ཕྱོགས་ཀྱིས་ཀྲུང་གོར་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཡིད་སྨོན་ ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། ནུས་ཁུངས། མི་ཆོས་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་བར་གྱི་འབྲེལ་བར་རྒྱུན་ཆད་མེད་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注