ལིས་ཆང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་བཤམ་སྟོན་ཚོགས་འདུ་སྐབས་བདུན་པའི་འགྲེམས་ཞུགས་ཚོང་པ་དང་ཉོ་སྒྲུབ་ཚོང་པའི་འཐུས་མི་དང་མཇལ་འཕྲད་གནང་།
ཟླ11པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་བཤམ་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་མཁན་ཚོང་པ་དང་ཉོ་སྒྲུབ་ཚོང་པའི་འཐུས་མི་དང་བཞུགས་མོལ་གནང་།
ཟླ11པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་བཤམ་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་མཁན་ཚོང་པ་དང་ཉོ་སྒྲུབ་ཚོང་པའི་འཐུས་མི་དང་བཞུགས་མོལ་གནང་། ཞིན་སི་ཚན་རྩལ་དང་། ཚའེ་སི་སྨན་བཅོས། ཧའེ་ཁི་སི་ཁང་། ཀུན་སྤྱོད་གློག་ཤུགས། SKསྡེ་ཚོགས། མོ་ཧྲ་ཏུང་། ཀྲུང་གོ་ཡུས་ཆིས། ཞའོ་མུས་སོགས་ཁེ་ལས་ཀྱི་འགན་འཁུར་བ་གྲོས་ཚོགས་སུ་ཞུགས།
བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཁེ་ལས་ཀྱི་འཐུས་མིས་བསྟན་དོན། ཁོ་ཚོས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ནང་དངོས་སུ་ཞུགས་པ་མ་ཟད་དཔང་པོ་ཡང་བྱས་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་ཁྲོམ་རའི་འཇུག་འཁྲོལ་མུ་མཐུད་ཇེ་ལྷོད་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་ཀྱང་བྱས་ཡོད། ཀྲུང་གོས་སྔར་ལས་ལྷག་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ལྷག་པར་དུ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཚུད་པའི་ཁེ་ལས་སྣ་ཚོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྩལ་ཡོད། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མིས་ཀྲུང་གོའི་ཁྲོམ་རར་ཡིད་ཆེས་བྱེད་པ་དང་རྒྱུན་མཐུད་ངང་གཏིང་ཟབ་དང་འཕེལ་རྒྱས་བཏང་ནས། ཀྲུང་གོར་དངུལ་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། འཛམ་གླིང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་སྔར་ལས་ཆེ་བ་བྱ་རྒྱུ་ཡིན་ཟེར།
ལིས་ཆང་གིས་ཚང་མའི་གཏམ་བཤད་ལ་གཟབ་ནན་གྱིས་གསན་རྗེས། ཁེ་ལས་ཀྱིས་ཀྲུང་ཕྱིའི་ཉོ་འཚོང་བརྗེ་རེས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའོ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པར་ཧུར་ཐག་གིས་བྱས་རྗེས་བཞག་པར་བསྟོད་བསྔགས་མཛད། ལིས་ཆང་གིས་བསྟན་དོན། རྒྱལ་སྤྱིའི་ནང་འདྲེན་བཤམ་སྟོན་ཚོགས་འདུ་དེ་འཛམ་གླིང་རྒྱལ་སྤྱིའི་སྤྱི་བའི་ཐོན་རྫས་མཉམ་སྤྱོད་དང་ཀྲུང་གོ་དང་འཛམ་གླིང་མཉམ་སྐྱོད་དང་མཉམ་ལས་གཉིས་རྒྱལ་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཏུ་གྱུར་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་རྒོལ་ཡང་། ཀྲུང་གོས་སྒོ་འབྱེད་ཀྱི་གཞི་རྒྱ་སྔར་ལས་ཇེ་ཡངས་སུ་གཏོང་ངེས་ཡིན། དེང་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་སླར་སོས་ཀྱི་ནུས་ཤུགས་ཞན་ཞིང་། འགུལ་ནུས་མི་འདང་བའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ཞིང་། བརྟན་འཇགས་ཀྱི་ཁྲོད་དུ་མདུན་སྐྱོད་བྱེད་ཀྱིན་ཡོད། ང་ཚོ་ལ་དཔལ་འབྱོར་བཟང་ཕྱོགས་སུ་བསྐྱར་འཕར་འབྱུང་བ་དང་ཁྲོམ་ར་ཤོང་ཚད་རྒྱ་སྐྱེད་པ་དང་སྤུས་ཚད་མཐོར་འདེགས་གཏོང་པའི་ནུས་པ་ཡོད། རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཉོ་འཚོང་གི་མདུན་ལྗོངས་རྒྱ་སྐྱེད་པ་དང་དངུལ་གཏོང་ལས་དར། གསར་སྐྲུན་བཀོལ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་བསྐྲུན་པར། ཀྲུང་གོའི་ཁྲོམ་ར་ནི་སྔར་བཞིན་རྒྱལ་ཁབ་སོ་སོའི་ཆེས་ལེགས་པའི་གདམ་ཀ་ཞིག་ཡིན། ཀྲུང་གོས་སྔར་ལས་ཁྲོམ་རའི་ཆོག་མཆན་འགོད་ལུགས་ཇེ་ཡངས་སུ་བཏང་ནས། གློག་འཕྲིན་དང་སློབ་གསོ། རིག་གནས། སྨན་བཅོས་སོགས་ཁྱབ་ཁོངས་སུ་གོ་རིམ་ལྡན་པའི་ངང་སྒོ་འབྱེད་བྱ་རྒྱུ་ཡིན། དུས་མཉམ་དུ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་རྒྱུན་མཐུད་དང་། དུས་ལྟར་ཁེ་ལས་ཀྱི་དོ་འཁུར་ལ་བརྡ་ལན་སྟེར་བ། ཁེ་ལས་ཀྱི་དོན་དངོས་གནད་དོན་ཐག་གིས་གཅོད་པར་རོགས་རམ་བྱེད་པ་བཅས་བྱས་ནས། རྒྱུ་རྐྱེན་གཙོ་བོ་ཐོབ་པར་བྱེད་པ་དང་། ཆ་རྐྱེན་གྱི་ཆོག་འཐུས་འགོད་པ། སྲིད་གཞུང་གི་ཉོ་སྒྲུབ་ཟབ་ཞུགས་སོགས་ཀྱི་ཕྱོགས་ནས་འདྲ་མཉམ་གྱི་གོ་སྐབས་འདོན་སྤྲོད་བྱ་རྒྱུ་ཡིན།
ལིས་ཆང་གིས་བསྟན་དོན། ཕྱི་དངུལ་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་ར་རུ་རྐང་ཚུགས་པར་བྱས་ཏེ། སྤུས་ལེགས་ཚོང་རྫས་དང་ཞབས་ཞུ་ཀྲུང་གོར་ཁྱེར་ཡོང་བ་དང་། དུས་མཉམ་དུ་ཀྲུང་གོའི་ཉོ་སྒྲུབ་ཚོང་གསུམ་གྱི་ཕྱོགས་སུ་གཏིང་ཟབ་པའི་ཁེ་ལས་མཉམ་ལས་བྱས་ནས། ཀྲུང་གོ་ནི་ཕྱིར་གཏོང་ས་ཚིགས་བྱ་རྒྱུ་མ་ཟད། མ་དངུལ་གཏོང་གནས་དང་ལས་གཉེར་བྱ་ཡུལ་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་གི་ཁྲོམ་ར་སྔར་ལས་སྦྲེལ་མཐུད་བྱེད་པའི་རེ་བ་ཡོད།
ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་སོགས་བཞུགས་མོལ་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注