ལིས་ཆང་གིས་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་བཤམ་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་པར་ཕེབས་པའི་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་དང་མཇལ་འཕྲད་གནང་།

ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་བཤམ་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་པར་ཕེབས་པའི་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་དང་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་གཉིས་ཀྱི་མཛུབ་ཁྲིད་དང་སྣེ་ཁྲིད་འོག ཀྲུང་གོ་དང་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།     ད་ལོ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐེངས་གཉིས་ལ་གྲོས་མོལ་གནང་ནས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། འགོ་རྩོམ་ས་སྔར་ལས་མཐོ་བ་ནས་ཀྲུང་གོ་དང་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་བྱུང་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་དེ་བྱ་སྤྱོད་དངོས་དང་མཉམ་ལས་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་།    ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ།    ཐོག་མཐའ་བར་གསུམ་དུ་ཡིད་ཆེས་དང་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཞིག་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ལས་སྦྲེལ་མཐུད་བྱེད་པ་དང་།    དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།    ཕན་ཚུན་སྦྲེལ་མཐུད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཅུར་ཅི་སི་སི་ཐན།    ཝུའུ་ཙི་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལས་གཞི་གཙོ་བོར་འགྱུར་བར་བྱས་ནས། ནུས་ཁུངས་གསར་པ་དང་།   གཞི་གྲངས་དཔལ་འབྱོར།    མི་ཐབས་རིག་ནུས།    རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན།    5Gལྗང་མདོག་གཏེར་ཐོན་སོགས་གསར་དར་ཐོན་ལས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། ཕྱོགས་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས།  ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རིག་གནས་དང་།    སློབ་གསོ།    ཡུལ་སྐོར།    དབུལ་ཕོངས་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྔར་ལས་སྟབས་བདེ་ཡོང་བ་དང་མང་ཚོགས་ཀྱི་ཐོབ་སྣང་མུ་མཐུད་དུ་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས།    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྐྱེན་སྲོལ་སོགས་ཕྱོགས་མང་རྐྱེན་སྲོལ་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་།    རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ནས། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

ཨ་ལིས་པོ་ཧྥུའུ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་ཝུའུ་ཙི་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད།     རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག  ཝུའུ་ཙི་བྷེ་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་པ་དང་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།    ཝུའུ་ཙི་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་པ་དང་།    ཕྱོགས་གཉིས་ཀྱི་ཚོང་དོན་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་གཏོང་བ་དང་།  དངུལ་གཏོང་དང་ནུས་ཁུངས།    བཟོ་སྐྲུན་ལས་རིགས།    འགྲིམ་འགྲུལ་ཟོག་འགྲེམས།    ཕན་ཚུན་འབྲེལ་མཐུད།    མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ།    “དངུལ་གཏོང་སྟོབས་ཤུགས་གསུམ”ལ་ཐུན་མོང་གིས་རྡུང་རྡེག་གཏོང་བ།    ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྐྱེན་སྲོལ་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་གཞོགས་འདེགས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཝུའུ་ཙི་བྷེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་སྔར་ལས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号