ཝང་དབྱི་ཡིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལུའུ་ཏིན་ཁི་ལ་ཐུག་འཕྲད་བྱས།
ཟླ10ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལུའུ་ཏི་ཁི་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱི་མཁས་མཛངས་ལྡན་པའི་ཁྲིད་སྟོན་འོག ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་འབྲེལ་བར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་སྲུང་འཛིན་བྱས་ཡོད། གསེར་གྱོམ་འགོ་ཁྲིད་པའི་མཇལ་འཛོམས་ཁ་ཧྲན་དུ་བདེ་བླག་ངང་བསྡུས་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་གཙོ་འཛིན་ལོ་འདིའི་ནང་མཇལ་འཛོམས་ཐེངས་གསུམ་པ་གནང་ནས། ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་བྱུང་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་དགོས། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཟིན་པ་དང་། ཨུ་རུ་སུ་ཕྱོགས་དང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་གསར་པ་ཐོབ་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ལུའུ་ཏིན་ཁི་ཡིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།
ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ལ་བསམ་འཆར་བརྗེ་རེས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注