ཝང་དབྱི་ཡིས་ཧྥིན་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝ་ཨར་ཐོ་ཉིན་དང་གྲོས་མོལ་བྱས།

 ཟླ10ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཧྥིན་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝ་ཨར་ཐོ་ཉིན་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་སི་ཐུའུ་པུའུ་དང་འཐབ་ཇུས་འབྲེལ་འདྲིས་ཟབ་མོ་བྱས་ནས། ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་སྣེ་ཁྲིད་གནང་ཡོད། ཕྱི་འབྲེལ་སྡེ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་བཀོད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་མཐུན་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཧྥིན་ལན་གྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ཡོ་རོབ་མནའ་འབྲེལ་གྱིས་དཔལ་འབྱོར་ཉོ་ཚོང་གི་གནད་དོན་དེ་ཆབ་སྲིད་ཅན་དུ་མི་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།

ཝ་ཨར་ཐོ་ཉིན་གྱིས་བསྟན་དོན།   ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་བཀོད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་ཡིན་པའི་ངོས་ནས་ཧྥིན་ལན་གྱིས་ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་སྲུང་འཛིན་བྱེད་པའི་རེ་བ་བཅངས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号