ཝང་དབྱི་ཡིས་སྐབས་དོན་དགུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལེ་མིན་ལ་ཐུག་འཕྲད་བྱས།

 ཟླ10ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་སྐབས79པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལེ་མིན་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་།  སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་བཏོན་ནས། མིའི་རིགས་ཀྱིས་མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བར་ཀྲུང་གོའི་བློ་གྲོས་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ། བྱ་སྤྱོད་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་གོ་གནས་སྲ་བརྟན་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་བཅོས་སྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་བསྟན།

ཧྥེ་ལི་མིན་གྱིས་ཀྲུང་གོ་ནི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་བརྟན་བརླིང་དང་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མུ་མཐུད་དུ་བརྩི་སྲུང་ནན་མོ་བྱེད་རྒྱུ་ཡིན་ལ།  ཀྲུང་གོས《མ་འོངས་པའི་གན་རྒྱ》སོགས་དོན་འཁྱོལ་བྱེད་ཆེད་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་འདོན་པར་ཡིད་ཆེས་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་སྒྱུར་སོགས་ཀྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་ཟབ་མོ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号