སྡེ་ཁག་ལྔ་ཡིས་མཉམ་འབྲེལ་སྒོས་ཆེད་དོན་འགུལ་སྐྱོད་ཆེན་པོ་ལྔ་སྤེལ་ཏེ་དངུལ་རྩས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན།
གསར་འགོད་པས་ཚེས5ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་མི་དམངས་དངུལ་ཁང་དང་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་བེད་སྤྱད་དེ་དངུལ་རྩས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་བྱ་རྒྱུ་རེད།
སྡེ་ཁག་ལྔ་ཡིས་ཉིན་དེར་ཡོངས་བསྒྲགས་བྱས་པའི《“ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བརྟེན་ནས་དངུལ་རྩས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར》ཁྲོད་དངུལ་རྩས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆེད་དོན་འགུལ་སྐྱོད་དང་།དངུལ་རྩའི་རོགས་སྐྱོར་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པའི་ཆེད་དོན་འགུལ་སྐྱོད་དང་། དངུལ་རྩས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་འགུལ་སྐྱོད། དངུལ་རྩས་གྲོང་གསེབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དམིགས་འགུལ་སྐྱོད། དངུལ་རྩས་ནུས་ཁུངས་ཀྱིས་གྲོང་གསེབ་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་བཅས་ལག་བསྟར་བྱ་རྒྱུ་ཡིན་པར་བཏོན་ཡོད།
བྱེ་བྲག་ཏུ་བལྟས་ན། འབྲུ་རིགས་ཐོན་སྐྱེད་དང་རྒྱུན་འཁོར། བསྡུ་ཉར། ལས་སྣོན་སོགས་ཐོན་ལས་ཕྲེང་འབྲེལ་གྱི་དངུལ་རྩའི་ཞབས་ཞུའི་རྣམ་པ་རྒྱ་ཆེར་གཏོང་རྒྱུ་དང་། ཚད་གཞི་མཐོ་བའི་ཞིང་ས་དང་སྒྲིག་ཆས་ཞིང་ལས་འཛུགས་སྐྲུན་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འདེབས་ལས་དར་རྒྱས་དང་ཞིང་ལས་ཚན་རྩལ་ཞབས་ཞུ་གཏིང་ཟབ་ཏུ་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་ཁེ་ལས་ཚོང་རར་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ། སྒོ་བྱང་འགེལ་བའི་མ་དངུལ་འདུ་འཁོར་དང་མ་དངུལ་བསྐྱར་བསྡུ་བྱ་རྒྱུ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་སོགས་གཙོ་གནད་ས་ཁུལ་དང་དབུལ་ཐར་མི་འབོར་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཐར་ས་ཁུལ་གྱི་ཡིད་རྟོན་དངུལ་བུན་གཏོང་ཚད་ཇེ་དམའ་རུ་གཏོང་བ་རྒྱུན་འཁྱོངས་བྱ་དགོས།
དུས་མཚུངས་སུ་ཡིད་རྟོན་དངུལ་བུན་དང་བུན་འཛིན། མ་རྐང་འཛིན་དབང་། བོགས་མར་གཏོང་བ་སོགས་མ་དངུལ་འདུ་འཁོར་གྱི་ཐབས་ལམ་སྣ་མང་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། སྐྱེ་དངོས་ཀྱི་གསོན་པོ་དང་གསོ་སྤེལ་སྒྲིག་བཀོད་སོགས་གཏའ་འཇོག་དངོས་པོའི་ཁྱབ་ཁོངས་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ཁུངས་ཕན་ཁེ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཡོང་སྒོ་འཕར་ནས་ཕྱུག་པོར་འགྱུར་བར་རྒྱབ་སྐྱོར་དང་། གྲོང་གསེབ་ཀྱི་འགྲོ་རྒྱུག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ལ་རོགས་སྐྱོར། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་དངུལ་བུན་གྱི་ཁོར་ཡུག་བཅོས་སྒྲིག་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དངུལ་རྩའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བཅས་བྱ་དགོས།
དེ་ལས་གཞན། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ལ་རོགས་སྐྱོར་དང་དངུལ་བུན་བསྐྱར་མ་དང་བསྐྱར་འབབ། ཚན་རྩལ་གསར་གཏོད། ལག་རྩལ་བསྒྱུར་བཀོད་བསྐྱར་དུ་དངུལ་བུན་གཏོང་བ་སོགས་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་སྐུལ་སློང་གི་ནུས་པ་འདོན་སྤེལ་གང་ལེགས། དངུལ་རྩའི་ལས་ཁུངས་ཀྱིས་ཞིང་གསུམ་དང་ཆུང་བ། ལྗང་མདོག་སོགས་དངུལ་རྩའི་བུན་འཛིན་ལ་རྒྱབ་སྐྱོར་དང་། ཆ་རྐྱེན་འཛོམས་པའི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་རྒྱུ་ནོར་ལ་བརྟེན་ནས་རྐང་འཛིན་དང་། གྲོང་གསེབ་དར་སྤེལ་གཏོང་བའི་དངུལ་འཛིན། གྲོང་གསེབ་དར་སྤེལ་གཏོང་བའི་ཀུང་སིའི་བུན་འཛིན་སོགས་མ་དངུལ་འདུ་འཁོར་བྱེད་པའི་ལག་ཆར་རྒྱབ་སྐྱོར་བྱ་དགོས། དུས་མཚུངས་སུ་ཐོན་ལས་དང་ནོར་སྲིད། དངུལ་རྩ་བཅས་ཀྱི་སྲིད་ཇུས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཀྲུང་གོའི་མི་དམངས་དངུལ་ཁང་གིས་བཤད་རྒྱུར། གོམ་སྟབས་རྗེས་མར་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་ཀྲུང་གོའི་དཔང་འཛིན་ཚོགས་འདུ། ནོར་སྲིད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་ལ་སོགས་པའི་སྡེ་ཁག་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ལས་གཞི་ཁྲི་སྟོང་མང་པོའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། དངུལ་རྩའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注