སྡེ་ཁག10ཡིས་མཉམ་འབྲེལ་སྒོས་སྤྱི་བའི་བདེ་འཇགས་ཚད་ལྡན་ཅན་གྱི་རྨང་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ།

ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་ཉེ་ལམ་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་སྤྱི་བདེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། འཕྲལ་བསྟུན་དོ་དམ་པུའུ་སོགས་སྡེ་ཁག10དང་མཉམ་འབྲེལ་སྒོས《སྤྱི་པའི་བདེ་འཇགས་ཚད་ལྡན་ཅན་གྱི་རྨང་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དཔར་འགྲེམ་བྱས།

མཛུབ་སྟོན་བསམ་འཆར་ཁྲོད2027ལོར་བསླེབ་དུས་གྲུབ་ཚུལ་ལེགས་འགྱུར་དང་ཚན་རིག་དང་མཐུན་པ། རྒྱལ་སྤྱིའི་ཤོང་ཡངས་བཅས་ཀྱི་སྤྱི་པའི་བདེ་འཇགས་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱ་རྒྱུ་དང་། ཚད་གཞི་དང་མཁོ་སྤྲོད་བྱེད་ནུས་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས་སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི 300མགྱོགས་མྱུར་ངང་གཏན་འབེབས་བྱ་དགོས། སྤྱི་པའི་བདེ་འཇགས་ཚད་གཞིའི་མཐུན་སྦྱོར་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་ཚད་གཞིའི་ལག་རྩལ་སྒྲིག་འཛུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚད་ལྡན་ཅན་དུ་འགྱུར་བའི་ལས་དོན་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་དགོས། སྤྱི་པའི་བདེ་འཇགས་ཀྱི་རྒྱལ་སྤྱིའི་ཚད་གཞི་སྐོར་ཞིག་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། རང་རྒྱལ་གྱི་སྤྱི་པའི་བདེ་འཇགས་ཚད་གཞི་ཅན་དུ་ལག་ལེན་ཡག་ཤོས་མཉམ་སྤྱོད་བྱ་རྒྱུ་དང་། སྤྱི་པའི་བདེ་འཇགས་ཚད་ལྡན་ཅན་གྱི་ཆུ་ཚད་མགྱོགས་མྱུར་སྒོས་མཐོར་འདེགས་བྱུང་བར་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན་ཡོད།

མཛུབ་སྟོན་བསམ་འཆར་ལས་ཕྱོགས6གི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད་དེ། སྤྱི་པའི་བདེ་འཇགས་ཚད་གཞིའི་མ་ལག་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པར་ཤུགས་སྣོན་རྒྱུ་དང་། ནུས་ཆེ་མཉམ་སྒྲུབ་ཀྱི་ཚད་གཞི་ཅན་དུ་འགྱུར་བའི་བྱ་བའི་མ་ལག་འཛུགས་སྐྱོང་བྱ་རྒྱུ། གྲངས་འཛིན་ཅན་གྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྤྱི་པའི་བདེ་འཇགས་ཀྱི་ཚད་གཞི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། དེ་ལས་གཞན། མཛུབ་སྟོན་བསམ་འཆར་དེ་སྤྱི་པའི་བདེ་འཇགས་ཚད་ལྡན་ཅན་གྱི་ལས་གཞི་སྒྲིག་འཛུགས་དང་ལག་བསྟར་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་དྲིལ་བསྒྲགས་ཁྱབ་གདལ་བཅས་ཕྱོགས3གྱི་ཐད་ནས་འགན་སྲུང་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号