ཀྲུང་གོ་ཕྱོམས་ཀྱིས་སྐྱོན་བརྗོད་དྲག་པོར་བྱས་འདུག 

ཟླ8པའི་ཚེས2ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། ཉིན་ཤས་གོང་། དབྱི་སི་རལ་གྱིས་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེ་ལྷོ་རྒྱུད་གྲོང་འདབས་སུ་མཁའ་རྒོལ་བྱས་པ་རེད། ལེ་པ་ནོན་དང་། ཨུ་རུ་སུ། དབྱི་རན། སི་རི་ཡ་སོགས་ཀྱིས་དབྱི་སི་རལ་གྱི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བར་ང་ཚོ་དོ་སྣང་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། དེར་རྒོལ་གཏམ་གཏོང་ངམ་ཞེས་དྲིས།

དེའི་ཐད་ལིན་ཅན་གྱིས། མི་སེར་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་གང་རུང་ལ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་གཏོང་རྒྱུ་དང་། ད་ལྟའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་སེམས་རྣལ་དུ་ཕབ་ནས་གཅུན་འདོམས་བྱས་ཏེ། ཛ་དྲག་གི་གནས་བབ་སྔར་བས་ཆེ་རུ་མི་འགྲོ་བའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号