ཚའེ་ཆི་ཡིས་པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་སྐབས་སུ་འཁོར་ཞག་གཏོང་བཞིན་པའི་ཆེད་མཁས་པར་འཚམས་འདྲི་གནང་།
ཟླ8པའི་ཚེས3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་སྐབས་སུ་འཁོར་ཞག་གཏོང་བཞིན་པའི་ཆེད་མཁས་པར་འཚམས་འདྲི་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་རྒྱ་ཆེའི་ཆེད་མཁས་འཇོན་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་ཁམས་འདྲི་གནང་།
ཚའེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ནམ་ཡང་ཆེད་མཁས་འཇོན་མིར་ཐུགས་ཁུར་གནང་བཞིན་པ་དང་། འཇོན་མིའི་བྱ་བར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ལ། ཆེད་མཁས་པ་དང་རིག་གནས་པའི་བསམ་འཆར་དང་གྲོས་གཞི་ལ་གསན་རྒྱུར་དོ་སྣང་མཛད་པ་དང་། ཆེད་མཁས་པ་དང་ཚན་རྩལ་ལས་དོན་པའི་འཐུས་མིར་འཕྲིན་ལན་བསྐུར་ནས། རྒྱ་ཆེའི་ཆེད་མཁས་འཇོན་མིས་གསར་སྐྲུན་གསར་གཏོད་བྱེད་པ་དང་སྤོབས་པ་ཆེན་པོས་ཡང་རྩེར་སྙེག་དགོས་པའི་སྐུལ་མ་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་སྤྱིའི་ཇུས་གཞི་བཀོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཡངས་པའི་གར་སྟེགས་འདོན་སྤྲོད་བྱས་ཡོད་ལ། རྒྱ་ཆེའི་ཆེད་མཁས་འཇོན་མིས་ཀྱང་ལས་སྒྲུབ་ལས་སྐྲུན་ཐད་གོ་སྐབས་ཆེས་བཟང་པོ་བསུས་ཡོད་པས། ཆེད་མཁས་འཇོན་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བྱེད་པ། ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་སྤོབས་པ་ཆེན་པོས་འཁུར་བ་བཅས་བྱས་ནས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་བྱེད་པའི་ཆེད་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དུ་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་ཆེད་མཁས་འཇོན་མིའི་འཐུས་མི་གདན་དྲངས་ཏེ་དབྱར་ཁའི་གུང་གསེང་གི་སྐབས་སུ་པེ་ཏའེ་ཧི་རུ་འཁོར་ཞག་གཏོང་དུ་འཇུག་པ་ནི། ཏང་དང་རྒྱལ་ཁབ་ཀྱི་འཇོན་མིའི་བྱ་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ད་ལོའི་འཁོར་ཞག་གི་བརྗོད་དོན་ནི་རྒྱལ་གཅེས་འབད་འཐབ་ཅེས་པ་ཡིན་ལ། འཁོར་ཞག་བྱེད་སྒོར་ཞུགས་པའི་ཆེད་མཁས་པ་དག་ནི་གཙོ་བོ་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ། མཚན་ཉིད་སྤྱི་ཚོགས་ཚན་རིག རིག་གནས་སྒྱུ་རྩལ་སོགས་ཁྱབ་ཁོངས་ནས་ཡོང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིན་ཀྲི་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注