སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས།
ཟླ7པའི་ཚེས12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་ཝང་ཏྰ་ནན་གྱིས་རེ་བ་བཏོན། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་སོགས་མི320ལྷག་གིས་སྒྲོག་འགྲེལ་ལ་ཉན།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་དང་། དགེ་རྒན་ཞའོ་ཧྥེ་ཞོས། ཨ་ཆེན་གངས་རྒྱབ་གྲོ་ནས་མཚོ་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་བ་ཆོས་འཕེལ་བཀྲ་ཤིས། ཟི་ལིང་གྲོང་ཁྱེར་མཁར་བྱང་ས་ཁུལ་ཞའོ་ཆའོ་ལས་འཁྱུར་ཏང་ཀྲི་པུའུ་ཧྲུའུ་ཅི་ཧུའུ་ཝུན་ཞན། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུང་ཀོན་ཡུན་པའོ། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན། རྨ་ཆུའི་ཆུ་གློག་ཉི་འོད་ནུས་པའི་ཀུང་ཟིའི་བཟོ་རྩལ་བཟོ་སྐྲུན་པ་ཝེ་རོང་། མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཅང་ཕེན་སོགས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བརྒྱད་ཀྱིས་གསོན་ཉམས་ལྡན་པའི་དཔེ་བརྗོད་དང་ལྷག་བསམ་རྣམ་དག་གི་བརྩེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་ཡིད་འགུལ་ཐེབས་པའི་རྣམ་པ་དང་ཡིད་སེམས་དྲོ་བའི་ཞལ་བརྡ་སྒྲོག་འགྲེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླངས་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་ཞིང་ཆེན་ཡོངས་ཀྱིས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དོན་དངོས་ལག་ལེན་དང་གྲུབ་འབྲས་སྒྲོག་འགྲེལ་བྱས།
ཚང་མས་ལང་ལོང་སྒོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ངེས་པ་དོན་གྱིས་ཁུགས་ཁུར་ཟབ་མོ་དེ་དྲིན་གཟོས་སེམས་དང་འབད་འཐབ་ཀྱི་སྟོབས་ཤུགས་སུ་བསྒྱུར་ནས། གོང་བཀུར་གཅེས་འཛིན་བྱེད་པ་དེ་ཏང་ལ་དྲིན་གཟོ་བྱེད་པ་དང་ཏང་གི་ངག་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་དོན་དངོས་བྱ་སྤྱོད་དུ་བསྒྱུར་ཏེ། མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དག་སྡེ་བ་དང་སློབ་གྲྭ། ཁེ་ལས། དགོན་པ་སོགས་གཞི་རིམ་གྱི་ལས་ཡུལ་དང་པོར་སོང་ནས་སྐོར་ཞིབ་སྒྲོག་འགྲེལ་བྱེད་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注