སྒོ་འབྱེད་མཉམ་ལས་ལ་འབད་དེ་ལྗང་མདོག་འཕེལ་རྒྱས་ལ་མཉམ་ཇུས་བྱེད།
ཐེན་ཅིན་འགྲེམ་ཁུལ་གྱི་སྒོ་འབྱེད་མཛད་སྒོ།
པེ་ཅིན་འགྲེམ་ཁུལ་གྱི་གྲུབ་འབྲས་འགྲེམ་སྟོན།
ཧྲན་ཏུང་འགྲེམ་ཁུལ་གྱི་ཟས་རིགས་ཀྱིས་མང་ཚོགས་མང་པོ་བཀུགས།
ཟླ7པའི་ཚེས11ཉིན། མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་ཁུལ་ཆེན་མོ་གསུམ་དུ་མི་ཚོགས་ཀྱི་འདུ་འཛི་རྒོད། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་ཡིན་པའི་སྐབས25པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་ཟི་ལིང་དུ་འཚོགས་ཤིང་། རྒྱལ་ནང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར28དང་། ཐའེ་གོ་དང་ཝུའུ་ཚི་པའེ་ཁི་སི་ཐན་སོགས་རྒྱལ་ཁབ་དང་ས་ཁུལ6བཅས་ཀྱི་ཁེ་ལས1000ལྷག་འགྲེམ་སྟོན་ལ་ཞུགས་ཡོད།
འགྲེམ་ཁུལBགྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འཁྱགས་གླིང་འགྲེམ་ཁུལ་དུ། འགྲེམ་ཁུལ་ལས་བྱེད་མི་སྣས་ནན་ཏན་གྱིས་འཁྱགས་གླིང་གི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་སྣ་ཚོགས་མཚམས་སྦྱོར་བྱེད་བཞིན་ཡོད་པ་དང་། གྲོང་མི་མང་པོས་འཁྱགས་གླིང་གི་ཡུལ་སྐོར་ས་ཁྲ་ལྟ་ཞོར་དུ་འདྲ་པར་ལེན་བཞིན་ཡོད། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་འགྲེམ་ཁུལ་བཙུགས་པ་དེས་སྔར་ལས་ལྷག་པར་མཚོ་སྔོན་གྱི་རྒྱལ་སྤྱིའི་མཉམ་ལས་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་ཡོད།
ཐེངས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུས་ཐོན་ལས་ས་ཁུལ་བཞི་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བར་གྱི་འབྲེལ་མཐུད་བརྗེ་རེས་ལ་ཤུགས་བསྣན་ནས། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ཏེ་རང་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆར་རྐང་བཙུགས་ནས། དམིགས་ཚད་ལ་གཞིགས་ཏེ་ཁེ་ལས་དང་གནད་ཁེལ་འབྲེལ་མཐུད་བྱེད་པ་དང་། ཚད་མཐོན་པོའི་འབྲེལ་མཐུད་གྲོས་མོལ་སྤེལ་བ་རེད།
མཚོ་སྔོན་ཞིང་ཆེན་གྱི་ལོ་རེར་བསྡུ་བཞིན་པའི་དཔལ་འབྱོར་ཉོ་ཚོང་གི་བྱ་འགུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལོ་ངོ25རིང་འགྱུར་ལྡོག་དང་འཕེལ་རྒྱས་ཕྱིན་ནས། མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གཞི་ཁྱོན་ཡང་ཆུང་བ་ནས་ཆེན་པོ་དང་རིམ་པ་དམའ་བ་ནས་རིམ་པ་མཐོ་བར་འཕར་ཞིང་། དེ་ནི་རྒྱུན་མཐུད་ངང་རྒྱ་ཇེ་ཆེ་དང་ནུས་ལྡན་གྱི་དངུལ་གཏོང་སྟེགས་བུ་ཞིག་ཡིན་དུ་གྱུར་ཡོད་པ་མ་ཟད། མཚོ་སྔོན་གྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注