མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་དུ་བསྡུས།
ཟླ7པའི་ཚེས12ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་དུ་བསྡུས།
ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ7པའི་ཚེས12ཉིན་ཟི་ལིང་དུ་བསྡུས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་ལ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ཞིང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་དྲིན་བསམ་མདུན་སྐྱོད་བྱེད་པར་སྐུལ་སློང་བཏང་སྟེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲིས།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མེ་ཕེན་དང་ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏཱ་ནན། ཝང་ལེན་ཧུའུ། ཝུའུ་ལཱ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་རེ་བརྒྱད་གྲོས་ཚོགས་ལ་ཞུགས་དགོས་པ་དང་། ཨུ་ཡོན་ང་དགུ་དངོས་སུ་གྲོས་ཚོགས་ལ་ཞུགས། རྗེས་སྣོན་ཨུ་ཡོན་བཅུ་བཞི་བོ་ཚང་མ་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཏང་གི་སྒྲིག་སྲོལ་དང་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་གི་གཏན་ཁེལ་མི་གྲངས་དང་མཐུན།
ཚང་འཛོམས་གྲོས་ཚོགས་ཀྱིས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་ཐེངས་གསུམ་ལ་གཟིགས་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འབྲངས་ནས། མཚོ་སྔོན་གྱི་བྱ་བ་གཙིགས་སུ་བཟུང་ནས་གསུང་བཤད་གལ་ཆེན་གནང་བར་མ་ཟད། མཆན་བཀོད་མཛུབ་སྟོན་ཐེངས་མང་པོར་གནང་མྱོང་། གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དེ་དག་ནི་གཅིག་རྒྱུན་གཅིག་འཛིན་དང་ཕན་ཚུན་འབྲེལ་མཐུད་བྱས་ཡོད་པ་དང་། མཚོ་སྔོན་གྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་གསལ་བཤད་བྱས་ཡོད་ལ། དུས་རབས་གསར་བའི་མཚོ་སྔོན་བྱ་བའི་སྤྱིའི་ཁ་ཕྱོགས་དང་སྤྱིའི་དམིགས་འབེན། སྤྱིའི་ལས་འགན་གཏན་ཁེལ་སྔར་ལས་གསལ་བོ་བྱས་ཡོད་པ་དང་། མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པའི་འགུལ་སྐྱོད་རྩ་འཛིན་དང་རྩ་བའི་གཞི་འཛིན་ས་ཡིན། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་དོན་ལྔ་འཁོར་བའི་དུས་སྐབས་གལ་ཆེན་དང་། ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུ་ལ་ཉེ་བའི་སྐབས་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གསུམ་པ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ཡང་བསྐྱར་མཚོ་སྔོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། མཚོ་སྔོན་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་བསྣན་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་བསམ་མདུན་སྐྱོད་ཀྱི་སྤྲོ་སེམས་དང་ངར་ཤུགས་ཆེར་སྐྱེད་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་བསམ་ཡོད།
ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ་མཐོ་སྒང་དུ་ཕེབས་པ་དེས། མཐོ་སྒང་གི་བུ་དང་བུ་མོས་བློ་སེམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱོགས་པ་དང་། ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་སྔར་ལས་ཆེར་སྐྱེད་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱི་ཏང་གི་གསར་གཏོད་གཞུང་ལུགས་ཐད་ཀྱི་ཆབ་སྲིད་ཀྱི་ངོས་འཛིན་དང་གཞུང་ལུགས་ཀྱི་ངོས་འཛིན། བརྩེ་སེམས་ཀྱི་ངོས་འཛིན་སྔར་ལས་ཆེར་སྐྱེད་ལ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས། རང་རློམ་འདུ་ཤེས་སྔར་ལས་ཆེར་སྐྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཚོ་སྔོན་ཀྱི་རིགས་སོ་སོའི་མང་ཚོགས་མཉམ་དུ་ཡོད་པའི་འདྲ་པར་རེ་རེ་ནམ་ཡང་མཚོ་སྔོན་མི་དམངས་ཀྱི་སེམས་སུ་ཉར་ངེས། སློབ་རའི་ནང་གི་བྱིས་པ་ཚོ་སྤྱི་ཁྱབ་ཧྲུའུ་ཅི་དང་ཁ་འབྲལ་སྐབས་སེམས་ལ་འཕྲེང་བ་སྐྱེས་ནས་མིག་ཆུ་དབང་མེད་བཞུར་བ་དང་། གནོད་ཁུལ་གྱི་མང་ཚོགས་ཀྱིས་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་དྲིན་ལན་བརྗེད་མི་སྲིད་ལ། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ་དང་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཞེས་པའི་ཆ་ཡིག་བྲིས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པས་སྤྱི་ཁྱབ་ཧྲུའུ་ཅི་དང་བརྗེ་རེས་བྱེད་སྐབས་ཀྱི་སྣང་ཚུལ་ཕྱིར་དྲན་བྱེད་དུས། སེམས་འགུལ་ཆེན་པོ་ཐེབས་པའི་ཚུལ་བསྟན། པན་ཡན་སྡེ་བའི་སྡེ་དམངས་ཚོའི་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་གདན་ཞུ་བྱེད་རྒྱུའི་རེ་འདུན་ཧ་ཅང་བརྟན། གོང་གི་སྣང་ཚུལ་དེ་དག་གིས་ང་ཚོར་དབུ་གཙོའི་སྟོབས་ཤུགས་དང་ཏང་གི་སྟོབས་ཤུགས། རྒྱལ་ཁབ་ཀྱི་སྟོབས་ཤུགས། མི་དམངས་ཀྱི་སྟོབས་ཤུགས་མྱོང་དུ་བཅུག
ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གདེང་འཇོག་ལ་རེ་སྒུག་དང་མངག་བཅོལ་གྱི་ཁེངས་པ་དང་། ང་ཚོ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་གདིང་ཤུགས་ཡོད་པར་བྱས། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ལ། དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་ལས་ཐོབ་པ་ཡིན་ལ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་འབྲེལ་བ་དང་། སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་རྒྱུགས་ལེན་གསར་བའི་ལམ་བར་དུ་དཔའ་སྐྱེད་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་ཐོབ་པ་ཡིན། གྲུབ་འབྲས་ཐོབ་པ་དེས་སྐབས་རིམ་པའི་ཞིང་ཆེན་ཏང་ཨུའི་གནད་དོན་གལ་ཆེན་དང་བྱ་བ་གལ་ཆེན་རབ་དང་རིམ་པའི་ཐད་ཀྱི་བརྡར་གཅོད་རྒྱུས་ལོན་དང་བསམ་ཕྱོགས་བྱེད་ཐབས་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་སྒུག་དང་མཐུན་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པ་ར་སྤྲོད་བྱས་ཡོད། དེ་མཚོ་སྔོན་གྱི་མི་དང་མཚོ་སྔོན་གྱི་ལས་བྱེད་པ། མཚོ་སྔོན་འཕེལ་རྒྱས་ལ་མཚོན་ནས་བཤད་ན་ཧ་ཅང་རྩ་ཆེ་བ་དང་། ང་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་གཞི་རླབས་ཆེ་ཞིང་རྔམ་བརྗིད་ལྡན་པ་དང་། ང་ཚོ་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པར་དཔའ་སེམས་ཀྱིས་ཁེངས་ཡོད། སྐབས་རིམ་པའི་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་བྱ་བ་ཡོངས་ཀྱི་བརྗོད་སྙིང་དང་མགོ་མཇུག་བར་གསུམ་དུ་ཁྱབ་པའི་བྱ་བའི་གཙོ་གཞི་རུ་བརྩི་བ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱི་སྣེ་ཁྲིད་དེ་བབ་བསྟུན་མདུན་སྐྱོད་ཀྱིས་བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་བཏང་བ་དང་བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་ལ། ས་བབ་དང་བསྟུན་ནས་བཟོ་སྐྲུན་རི་མོ་ཕྱིར་བཏོན་པ་དང་ལས་འགན་ཡི་གེ་གཏན་འབེབས་བྱས་ཏེ། མཚོ་སྔོན་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། མཚོ་སྔོན་མདུན་སྐྱོད་ཀྱི་གོམ་སྟབས་རེ་རེ་དང་འགྱུར་ལྡོག་རེ་རེ་ནི་ལས་སླ་མོ་ཞིག་མིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཁ་ཕྱོགས་གསལ་སྟོན་བྱས་ནས་ཁྲིད་སྟོན་མཛད་པ་ཡིན་ལ། ང་ཚོ་བརྟན་བརླིང་ངང་མདུན་དུ་བསྐྱོད་པའི་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་གཞི་མངོན་སུམ་དུ་འགྱུར་བར་བྱེད་རྒྱུ་ནི། མཚོ་སྔོན་གྱི་མི་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོས། ང་ཚོར་ལས་དོན་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་བསྩལ་བ་དང་། མཐོ་སྒང་གི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སེམས་ཁོང་ནས་གོང་བཀུར་དགའ་ཞེན་བྱེད་ཀྱིན་ཡོད་པ་དང་། དེ་ཀྲུང་གོ་གུང་ཁྲན་ཏང་ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་རྟོན་བརྟན་པོ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ངེས་རྒྱལ་གྱི་ཡིད་ཆེས་བཅས་ལས་བྱུང་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲོད་ཁོལ་ལྡན་པའི་ཐུགས་ཁུར་དང་མངག་བཅོལ་ཟབ་མོ་དེ་མཐོ་སྒང་གི་བུ་དང་བུ་མོའི་སེམས་ཁོང་དུ་ཟུག་ཡོད་པ་དང་། མཚོ་སྔོན་གྱི་ལས་སྒྲུབ་ལས་སྐྲུན་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་དང་སྟོབས་ཤུགས་ཀྱི་ཡོང་ཁུངས་སུ་གྱུར་ཡོད། ང་ཚོས་མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་དྲིན་བསམ་མདུན་སྐྱོད་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཕྱོགས་ལ་གོམ་སྟབས་ཆེན་པོས་བསྒྱུར་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས། མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བསྐྱོད་ལམ་གསར་བའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་ལས་འགན་ལ་དམིགས་པ་དང་། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་འགན་འཁྲི་གསར་བ་བསྩལ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱེད་པའི་ཐད་ནས་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་བ་དང་། ང་ཚོས་དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་། ཏང་གི་གསར་གཏོད་གཞུང་ལུགས་ནི་ཤུགས་ཆེན་པོ་ལྡན་པའི་བསམ་བློའི་གོ་མཚོན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་དཀའ་གནད་ཐག་གཅོད་པའི་ཆེས་གོ་ཆོད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན་པས། ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་ན། བསམ་ཕྱོགས་ཇེ་གསལ་དང་འཆར་འགོད་ཇེ་ཟབ། མིག་རྒྱ་ཇེ་རིང་ཡིན་ལ། མཚོ་སྔོན་གྱི་བྱ་བ་མདུན་སྐྱོད་ཆེན་པོ་བྱེད་ཐུབ། ནམ་ཡང་དངོས་གནས་སློབ་སྦྱོང་དང་ཡིད་ཆེས། བཀོལ་སྤྱོད་བྱེད་པ་དང་། སློབ་སྦྱོང་དང་ལག་བསྟར་ཁྲོད་བདེན་ལུགས་ཀྱི་བྲོ་བ་མྱོང་བ་དང་མདུན་སྐྱོད་ཀྱི་ངར་ཤུགས་ཆེར་སྐྱེད་པ། བསམ་བློའི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་འདུན་དེ་དམིགས་འབེན་དུ་བསྒྱུར་བ་དང་། མངག་བཅོལ་སྒུལ་ཤུགས་སུ་བསྒྱུར། ཐུགས་ཁུར་དེ་འགུལ་སྐྱོད་དུ་བསྒྱུར་དགོས། ནམ་ཡང་བསྒྲུབ་འདོད་པ་དང་བསྒྲུབ་ཕོད་པ། བསྒྲུབ་ཤེས་པར་བྱེད་པ་དང་། ཆེ་ཁྲོད་ཆུང་མཐོང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་བྱེ་བྲག་གི་ལག་ལེན་དུ་བསྒྱུར་དགོས། ཆུང་ཁྲོད་ཆེ་མཐོང་བྱེད་པ་དང་། དུས་སྐབས་རེ་རེ་དང་དོན་དག་རེ་རེ་དཔེ་གཞིར་བཟུང་ནས། བྱ་བའི་སྟེང་གི་ནོར་འཁྲུལ་ཡོ་བསྲང་བྱེད་པར་ལྟ་ཞིབ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་སྟེང་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བླང་བྱ་གལ་ཆེན་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཚོ་སྔོན་གྱི་མཚོན་རྟགས་གསལ་བོ་ཡིན། སྐྱེ་ཁམས་སྲུང་སྐྱོབ་ནི་མཚོ་སྔོན་བྱ་བའི་གཞི་རྩ་དང་བླ་སྲོག་ཡིན་པ་དང་། སྐྱེ་ཁམས་རང་འགུལ་ནི་ཆབ་སྲིད་ཀྱི་རང་འགུལ་དང་ལོ་རྒྱུས་ཀྱི་རང་འགུལ་ཡིན། སྐྱེ་ཁམས་གཞན་འགུལ་ནི་ཆབ་སྲིད་ཀྱི་གཞན་འགུལ་དང་སྤྱི་ཡོངས་ཀྱི་གཞན་འགུལ་ཡིན་པས། ནམ་ཡང་སྤྱི་ཡོངས་སུ་འགྲེང་བ་དང་། ཆུ་ཚད་མཐོན་པོའི་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་རྒྱུ་དེ་བྱ་བ་སྤེལ་སྐབས་ངེས་པར་དུ་རྒྱུས་ལོན་བྱེད་དགོས་པའི་ངོས་འཛིན་སྨྲ་བ་དང་བྱེད་ཐབས་སྨྲ་བ་ཡིན། ཡུན་རིང་བོར་དམིགས་པ་དང་། རྒྱལ་ཡོངས་རང་བཞིན་གྱི་དམིགས་འབེན་རེ་བ་ཙམ་ལས་མཚམས་མི་འཇོག་པ་དང་། སྤྱིར་བཏང་རང་བཞིན་གྱི་ལྟ་སྲུང་དོ་སྲུང་ལས་མཚམས་མི་འཇོག་པ། བླངས་པའི་སྲུང་སྐྱོབ་གྲུབ་འབྲས་ལས་མཚམས་མི་འཇོག་པར། སྐྱེ་ཁམས་རྩོལ་ནུས་ཆེས་ཆེ་བར་བསྒྱུར་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། ཡུན་རིང་བོར་ཕན་འདོགས་པ། རྒྱལ་ཡོངས་ལ་ཕན་འདོགས་དགོས། ཚད་མཐའ་བརྟན་སྲུང་བྱེད་པ་དང་། ཁེ་སྤོགས་འདོད་གདུང་མི་བྱེད་པ་དང་རང་འདོད་དུ་ཧོལ་རྒྱུག་མི་བྱེད་པ། སྲུང་སྐྱོབ་ཆེན་མོ་དམ་འཛིན་བྱེད་པ་དང་སྒོ་འབྱེད་ཆེན་མོ་མ་སྤེལ་བར། ཀྲུང་ཧྭ་མི་རིགས་ཀྱི་ཡུན་མཐུད་འཕེལ་རྒྱས་ཀྱི་ཆེས་རྩ་ཆེ་བའི་ཁྱིམ་སོ་སྲུང་སྐྱོབ་བཟང་བོ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་གནད་ཕིགས་འཆར་འགོད་ཁྲོད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ནང་དོན་གཙོ་བོ་དང་ཉིང་བཅུད་འདུ་ལ། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དང་འཕེལ་རྒྱས་ཀྱི་དགེ་མཚན། ཁུལ་གནས་ཀྱི་ཁྱད་ཆོས་འབུར་ཐོན་བྱས་ཡོད་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་ཤུགས་འདོན་ས་དང་མཆོང་བརྒལ་བྱེད་ས་གཏན་ཁེལ་གསལ་བོ་བྱས་ཡོད། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་བསྒྲུབ་རིན་ཡོད་པ་བསྒྲུབ་དགོས་པ་དང་བསྒྲུབ་མི་རུང་བ་མི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས། བསྒྲུབ་རིན་ཡོད་པ་བསྒྲུབ་དགོས་ན་ཁ་ཕྱོགས་གསལ་བོ་བྱེད་པ་དང་གཙོ་གནད་གཙིགས་སུ་འཛིན་པ་དང་། བསྒྲུབ་མི་རུང་བ་མི་བསྒྲུབ་ན་ཚད་མཐའ་བརྟན་སྲུང་བྱེད་པ་དང་མཐའ་མཚམས་བརྟན་སྲུང་བྱེད་དགོས། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལེན་བྱེད་པ་དང་ཞབས་འདེགས་ཞུ་བ་དང་། གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་འདྲེས་པར་བྱས་ཏེ། མཚོ་སྔོན་གྱི་རིན་ཐང་དང་སྦས་ཤུགས་མངོན་པར་བྱེད་དགོས། རང་རྟོགས་སྒོས་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་དང་ཆ་ཚང་བ། ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱས་ནས། གནས་ལུགས་ཆུང་བས་གནས་ལུགས་ཆེན་པོ་དང་བསྟུན་དགོས། རང་རྟོགས་སྒོས་ལོ་རྒྱུས་ཀྱི་བཟོད་སེམས་སྲུང་འཛིན་བྱེད་པ་དང་། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་ནས། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིངས་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་སྟེང་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དམངས་ཚིས་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་གྱིས། ཏང་གི་དམིགས་འབེན་དང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་ཡོད་པ་དང་། ལས་འགན་གཙོ་བོ་དང་བྱ་བའི་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ལ། མཚོ་སྔོན་གྱི་རིམ་པ་སོ་སོའི་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་གཞི་འཛིན་ས་གཙོ་བོ་ཡིན། མཚོ་སྔོན་གྱི་དམངས་ཚིས་བྱ་བ་བཟང་བོར་བསྒྲུབ་ན། སྤྱི་ཚོགས་བྱ་བ་མ་གཏོགས་ཆབ་སྲིད་བྱ་བ་ཡང་ངེས་པར་དུ་ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་བསྒྲུབ་དགོས། མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོས་བྱེད་པ་དང་། དམངས་ཚིས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་དམངས་ཚིས་ཀྱི་དཀའ་གནད་ཐག་གཅོད་པ། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། ཚད་ཡོད་པའི་ཐོན་ཁུངས་ཀྱིས་ཆེས་ཆེ་བའི་ཕན་འབྲས་འདོན་སྤེལ་བྱེད་དུ་འཇུག་དགོས། རྒྱུན་མཐུད་ངང་ཤུགས་འདོན་པ་དང་ཡུན་རིང་འབད་འཐབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་གང་འདོན་གྱི་ངར་ཤུགས་ཆེར་སྐྱེད་པ། རང་ནུས་ཅི་ལྕོགས་ཀྱི་རྗེས་དཔག་སྲུང་འཛིན་བྱས་ཏེ། དཀའ་ངལ་ཁྱད་སེལ་དང་ཏན་ཏན་ཏིག་ཏིག་གིས་བསྒྲུབ་དགོས། དམངས་ཚིས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་དོན་དངོས་དེ་མང་ཚོགས་ཀྱི་སེམས་ནང་དུ་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱིས་བློ་རྩ་བརྟན་པོས་རང་རྟོགས་སྒོས་ཏང་ལ་དྲིན་གཟོ་བྱེད་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྟེང་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་མི་རིགས་ཆོས་ལུགས་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ནི། མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཚན་རིག་གི་སྣེ་ཁྲིད་ཡིན་པ་དང་། ང་ཚོར་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་དམིགས་བསལ་གལ་ཆེ་ཡི་འགན་འཁྲི་བསྩལ། མི་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་དང་། མཐུན་སྒྲིལ་ནི་ཆེས་སྟོབས་ལྡན་གྱི་སྟོབས་ཤུགས་ཡིན་པས། ངེས་པར་དུ་མཚོ་སྔོན་མི་རིགས་ཆོས་ལུགས་བྱ་བ་དེ་ལོ་བརྒྱའི་འགྱུར་ལྡོག་དང་མི་རིགས་བསྐྱར་དར་གྱི་སྤྱི་ཡོངས་ཁྲོད་འཇོག་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་ཆེན་པོའི་ཁྲོད་བཞག་ནས་ལྟ་ཞིབ་དང་རྒྱུས་ལོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བྱས་ནས། བསྩལ་བ་གསུམ་དང་ཕན་ཡོད་པ་གཅིག་གི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་རུ་བརྩི་བ་དང་གཞི་རིམ་རྩ་འཛུགས་བཅོས་སྐྱོང་ཐད་ཀྱི་གནད་དོན་གཙོ་བོ་ཐག་གཅོད་པར་ཞིབ་འཇུག་བྱས་ཏེ། སྤྱི་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས། མཐུན་སྒྲིལ་དེ་ཆེས་ཆེ་བའི་དམིགས་འབེན་དུ་བརྩིས་ནས། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་ནས་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཏང་ལ་དོ་དམ་དང་སྲིད་དོན་སྐྱོང་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ནི་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ངེས་སྦྱོང་བསླབ་ཚན་དང་ངེས་པར་དུ་ལན་འདེབས་དགོས་པའི་དྲི་གཞི་དེ་ཡིན་ཞིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ནན་མོ་བྱེད་པ་དང་། གནད་འགག་ནི་བཅོས་སྐྱོང་བྱེད་པ་དེ་ཡིན་ལ། དོ་དམ་ནན་མོ་ནི་ཐུགས་ཁུར་བྱེད་པའི་དོན་ཡིན། ཐོག་མཐའ་བར་གསུམ་དུ་ནན་མོའི་གཞི་གདངས་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཆེད་དོན་དག་ཐེར་བཅོས་སྐྱོང་གི་བྱ་བའི་ཕན་འབྲས་རྒྱུན་མཐུད་སྒོས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། ཆོད་སེམས་མི་འགྱུར་ཞིང་། སྟོབས་ཤུགས་མི་ཉམས་པ། ཚད་གཞི་མི་ལྷོད་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཕྱོགས་གཅིག་ལ་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་། དཔེ་གཞི་གཙོ་བོར་བརྟེན་ནས་བཅོས་སྐྱོང་བྱེད་ཅིང་། ཡན་ལག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། བློ་སེམས་དཀར་པོས་བྱ་སྤྱོད་བཅོས་སྒྱུར་བྱས་ནས་རྩ་བ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་དོ་དམ་ནན་མོར་བརྟེན་ནས་གནོན་ཤུགས་སྟེར་བ་རྒྱུན་འཁྱོངས་བྱེད་པ་དང་། བརྩེ་བ་ཟབ་མོས་རོགས་ཤུགས་འདོན་ཅིང་། བྱ་བ་གང་འདོད་དུ་སྒྲུབ་པའི་བྱ་སྤྱོད་བཀག་འགོག་བྱེད་པ་དང་། བྱ་བཞག་སྒྲུབ་པའི་བཀག་རྒྱ་མེད་པར་བཏང་ནས། མཚོ་སྔོན་གྱི་ལས་བྱེད་པས་བྱ་བ་བསྒྲུབ་འདོད་པ་དང་། བྱ་བ་བསྒྲུབ་ཕོད་པ། བྱ་བ་འགྲུབ་པ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ད་ལོར། མཚོ་སྔོན་གྱིས་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་ལེགས་ཤོས་དེ་བསུས་ཡོད། དྲིན་བསམ་ནས་འབད་པས་མདུན་དུ་སྐྱོད་པ་དང་། དངོས་གཉེར་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ལ་བློ་དཀར་མཁན་སྐྱེད་སྲིང་བྱེད་པའི་ཐད་འཕེལ་རིམ་གསར་བར་སླེབས་པར་བྱེད་དགོས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པའི་བློ་དཀར་གྱི་སྤྱོད་ཚུལ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་ཏན་ཏན་ཏིག་ཏིག་གིས་མཚོན་པར་བྱེད་དགོས་ལ། ཏང་གི་གསར་གཏོད་གཞུང་ལུགས་སྙིང་བོའི་ལངས་ཕྱོགས་དང་ལྟ་ཚུལ་དང་བྱེད་ཐབས་བཅས་ཀྱིས་གནད་དོན་ཐག་གཅོད་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་ཐད་མཚོན་པར་བྱེད་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། སྣེ་ཁྲིད་ནས་དངོས་གཉེར་དམ་འཛིན་བྱེད་པ་བཅས་ཀྱི་ཐད་མཚོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་དྲིན་བསམ་བཞིན་དཔའ་ངར་མདུན་སྐྱོད་བྱེད་པ་དང་། དངོས་གཉེར་སྒོས་བྱ་བ་འབད་འཐབ་ཀྱིས་བསྒྲུབ་པར་སྣེ་ཁྲིད་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་གཙོ་བོར་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐད་འཕེལ་རིམ་གསར་བར་སླེབས་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ་དེ་མཚོ་སྔོན་གྱིས་རྒྱལ་ཡོངས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཆེས་ཆེ་བར་བརྩིས་ནས། ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་ཞིབ་ཚགས་ཅན་གྱིས་སྐྱེ་ཁམས་ཁོར་ཡུག་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་། སྐྱེ་ཁམས་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་བཅས་གཅིག་གྱུར་མངོན་འགྱུར་བྱུང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཕན་འབྲས་དངོས་ཀྱིས་ཁུལ་ཁོངས་གཅིག་ཁྱད་ཆོས་བསྐྲུན་པ་དང་ཁྱོན་ཡོངས་ལ་བཀྲགས་མདངས་འཚེར་བར་བྱེད་དགོས། ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་པ་དེ་འཕེལ་རིམ་གསར་བར་སླེབས་པར་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་ཀྱི་འགག་རྩའི་བྱེད་ཐབས་བེད་སྤྱོད་ལེགས་པོ་བྱས་ཏེ། ཐོན་ལས་ཀྱི་གནས་བཞི་དང་ཁྱད་ལྡན་དགེ་མཚན་ཅན་གྱི་ཐོན་ལས་ཀྱིན་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་ཐད་ནས་ཐོད་བརྒལ་གསར་བ་བྱུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཁྱད་ཆོས་དང་དགེ་མཚན་ལྡན་པར་བྱེད་དགོས། ནུས་ཤུགས་ཡོད་རྒུས་མི་རིགས་ཆོས་ལུགས་བྱ་བ་བསྒྲུབ་རྒྱུ་དེ་འཕེལ་རིམ་གསར་བར་སླེབས་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བའི་གཙོ་ཐིག་དམ་པོར་འཛིན་པ། ཕན་ནུས་ལྡན་པའི་སྒོ་ནས་འགྲོ་འོང་བརྗེ་རེས་མཉམ་འདྲེས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དང་དགོན་པར་དོ་དམ་བྱེད་པ་གཙོ་བོར་འཛིན་པ། མ་ལག་བཅོས་སྐྱོང་དང་། ཁྲིམས་མཐུན་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་བཅས་གཅིག་སྡུད་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་དེ་འཕེལ་རིམ་གསར་བར་སླེབས་པར་བྱེད་དགོས། དམངས་ཚིས་བདེ་སྐྱིད་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སློབ་གསོ་དང་། ལས་ཞུགས། སྨན་བཅོས་སོགས་དམངས་ཚིས་དངོས་དོན་ལེགས་པོར་བསྒྲུབ་ཅིང་། ཚད་ཆེས་ཆེ་བའི་སྒོ་ནས་གཞི་རྩའི་སྤྱི་བའི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་སྤྱོད་ཆོག་རང་བཞིན་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་དང་ཤར་ནུབ་རྒྱུད་མཉམ་ལས། ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་བཅས་བེད་སྤྱོད་ལེགས་པོ་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་འཕར་བ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་འཕེལ་རིམ་གསར་བར་སླེབས་པར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་གཙང་དང་སྒྲིག་ལམ་ནན་སྲུང་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ལས་བྱེད་པས་ལས་སྒྲུབ་ཁག་ཁུར་བྱེད་པར་སྐུལ་མ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་སྒོས་གཞི་རིམ་དམ་འཛིན་བྱེད་པ་དང་རྨང་གཞི་སྲ་བརྟན་དུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་འགྱུར་ལྡོག་ཁྲོད་དུ་འཕེལ་རྒྱས་ཀྱི་གནད་འགག་ལ་སླེབས་པར་གོམ་པ་འགའ་ལས་མེད་ཅིང་། ད་ལྟའི་མཚོ་སྔོན་ཡང་འགག་རྩའི་དུས་རིམ་འདི་ལྟ་བུར་གནས་ཡོད། ལོ་རྒྱུས་ཀྱིས་བློ་བརྟན་ཅན་དང་། སྤོབས་པས་མདུན་སྐྱོད་མཁན། རྩོལ་འཐབ་པ་བཅས་ལ་ཐུགས་ཁུར་གཟིགས་སྐྱོང་གནང་སྲིད་པ་ལས། ཐེ་ཚོམ་ཅན་དང་། སྒྱིད་ལུག་ཅན། དཀའ་ངལ་ལ་སྐྲག་མཁན་བཅས་ལ་རེ་སྒུག་བྱེད་མི་སྲིད། རྩ་བའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་དམིགས་ནས། ལོ་གཅིག་ལ་སྒྲུབ་པ་དང་། ལོ་གསུམ་ལ་ལྟ་རྟོག་བྱེད་ཅིང་། ལོ་བཅུར་འཆར་འགོད་བྱེད་པ་དང་། ཡིག་འབྲུ་རེ་རེས་ལེའུ་གསར་བ་འབྲི་བ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་བྱ་བཞག་རླབས་ཆེན་བསྒྲུབ་པ་ནི་མཚོ་སྔོན་གྱི་སྐྱོད་ལམ་གསར་བར་འབད་པར་བགྲོད་པའི་དུས་རབས་ཀྱི་གད་རྒྱངས་ཡིན། ལས་བྱེད་པས་བསྒྲུབ་དགོས་པའི་ཐད་དཔའ་ངར་སྐྱེད་ནས་བརྩོན་ལེན་བྱེད་པ་དང་། དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་པའི་བསམ་བློའི་རང་རྟོགས་དགོས་ཤིང་། དཀའ་ཁག་གི་མདུན་དུ་རང་འགུལ་གྱིས་ཁག་ཁུར་བྱས་ཏེ། དཀའ་སྡུག་གི་ཁྲོད་དུ་བྱས་རྗེས་འཇོག་ཕོད་པ་དང་། འབད་པ་ཆེན་པོས་བྱ་བཞག་རླབས་ཆེན་བསྒྲུབ་དགོས། བསམ་ཕྱོགས་གསལ་དགོས་པའི་ཐད་དཔའ་ངར་སྐྱེད་ནས་བརྩོན་ལེན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་བྱེད་ཐབས་སློབ་སྦྱོང་དང་བེད་སྤྱོད་ལེགས་པོ་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ལ་ཕྱོགས་པའི་ལངས་གནས་མཐོན་པོ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་ཁོག་རྒྱ་ཇེ་ཡངས་ཏུ་གཏོང་དགོས། རང་གཅུན་ནན་དགོས་པའི་ཐད་དཔའ་ངར་སྐྱེད་ནས་བརྩོན་ལེན་བྱེད་པ་དང་། ཏང་ལ་གུས་བཀུར་བྱེད་པ། མི་དམངས་གུས་བཀུར་བྱེད་པ། ཁྲིམས་སྲོལ་གུས་བཀུར་བཅས་བྱས་ནས། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དེ་སེམས་ལ་བཟུང་ཞིང་ལག་ལེན་དུ་བསྟར་བ་དང་། ཏང་གཤིས་གསོ་སྐྱོང་ནན་མོ་བྱེད་ཅིང་། རང་གཅུན་ནན་མོས་བསམ་བློ་གཏོང་ཕྱོགས་ལེགས་སྒྱུར་བྱེད་དགོས། ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ཀྱི་གདངས་དབྱངས་ཀྱིས་མདུན་སྐྱོད་གླུ་དབྱངས་ལེན་དགོས་ཤིང་། བསམ་བློ་གཏོང་ཕྱོགས་དང་། ཁོག་རྒྱ་ཡངས་མོ། བརྩེ་སེམས་ཆེན་པོས་མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་བྱེད་ཅིང་། ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་འཛིན་པ་དང་། རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་དེ། ང་ཚོའི་མི་རབས་འདིར་དབང་བའི་གཟི་བརྗིད་དང་རྨི་ལམ་ལ་སྙེག་དགོས།
གྲོས་ཚོགས་སྟེང་བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ། མཐོ་སྒང་གི་བུ་བུ་མོས་སྤྱི་ཁྱབ་ཧྲུའུ་ཅིར་བཅངས་པའི་བརྩེ་སེམས་སྒུལ་ཞིང་། དུས་རབས་གསར་བའི་མཚོ་སྔོན་བྱ་བ་ལེགས་པར་བསྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་ནས། དུས་རབས་གསར་བའི་བྱ་བ་ལེགས་པར་འགྲུབ་པའི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་སློང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་བྱས་ནས་གོ་བ་ལེན་རྒྱུ་དེ་གཙོ་བོ་མཉམ་འདྲེས་མཐུན་སྦྱོར་བྱེད་པར་རག་ལས་ཤིང་། དྲིལ་སྒྲོག་སྒྲོག་འགྲེལ་བྱས་ནས་གཙོ་བོ་དམངས་སེམས་སུ་འཇགས་པར་བྱེད་དགོས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པ་དེ་གཙོ་བོ་དངོས་གཉེར་དམ་འཛིན་བྱེད་པར་རག་ལས་ཡོད། མིག་སྔར། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་འཕེལ་རྒྱས་དུས་རིམ་དུ་སླེབས་ཡོད་ལ། ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་འགན་གཙོ་བོ་དམ་འཛིན་ལེགས་པོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ཧུར་ཐག་སྒོས་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ཞོད་འགོག་ཐན་སེལ་དང་གནོད་འགོག་གནོད་སེལ་གྱི་བྱ་བ་ལེགས་པོར་བསྒྲུབ་པ། གོ་རིམ་ལྡན་པའི་སྒོ་ནས་གནོད་རྗེས་བསྐྱར་སྐྲུན་གྱི་བྱ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་ཅིང་། གཅིག་གྱུར་སྒོས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བ་དང་ཁོར་ཡུག་སྲུང་སྐྱོབ་ལྟ་རྟོག་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་རིམ་སྔོན་མའི་ཞིབ་འཇུག་སོགས་ཀྱི་བྱ་བ་གཅིག་གྱུར་དམ་འཛིན་ལེགས་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་རྒྱུགས་ལེན་ཡག་པོ་ཞིག་སྤྲོད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ་དྲིན་དྲན་བཞིན་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་མཚོ་སྔོན་གྱི་མཚར་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བའི་ཆོད་དོན་ལ་གྲོས་འཆམ་བྱུང་།
ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་བཅས་དང་། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ན་གོར་མོ་གྲོང་ཁྱེར་ཚུད་པའི་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་། ཆུས། རྫོང་བཅས་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ་དང་། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁག་གཅིག་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注