ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
ཟླ7པའི་ཚེས10ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་སྟེང་བསྟན་དོན། གསུང་བཤད་དང་གྲོས་ཚོགས་ཀྱི་ནང་དོན་སྙིང་བོ་དང་བསམ་པའི་དངོས་དོན་རྒྱུས་ལོན་དང་དམ་འཛིན་ཡང་དག་བྱེད་པ་དང་། དམངས་ཆེན་བྱ་བའི་དངོས་ཡོད་ལ་གཞིགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་། ཕྱི་དོན་ཕྱི་འབྲེལ། བཅོས་སྒྱུར་ཟབ་སྤེལ། ཚན་རྩལ་གསར་གཏོད། ཞོད་འགོག་ཐན་སེལ་སོགས་བྱ་བའི་བླང་བྱ་གཙོ་བོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་དམིགས་ནས། དམངས་ཆེན་ཁྲིམས་འཛུགས་ཀྱི་སྣེ་སྟོན་ནུས་པ་དང་ལྟ་རྟོག་སྐུལ་འདེད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་ལ་དམ་པོར་དམིགས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། གཉིས་ནས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མིག་སྔའི་ཞོད་འགོག་ཐན་སེལ་བྱ་བ་དམ་པོར་འཛིན་པར་རོགས་ཤུགས་འདོན་དགོས། གསུམ་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་དང་ཅི་ཧྲི་ཧྲན་གྱི་གནོད་རྗེས་བསྐྱར་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས། བཞི་ནས་རང་རྟོགས་སྒོས་ཚན་རྩལ་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམངས་ཆེན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ལྔ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་སྣ་ཚོགས་རྒྱུན་མཐུད་སྒོས་ལེགས་པོར་བསྒྲུབ་པ་དང་། ཏན་ཏན་ཏིག་ཏིག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
གྲོས་ཚོགས་སྟེང་མཚོ་སྔོན་གྱི་དམངས་ཆེན་ལོ་རྒྱུས་འགྲེམ་སྟོན་རྩ་གནད་བཟོ་འགོད་གནས་ཚུལ་དང་། དམངས་ཆེན་འཕྲིན་བཅར་སྡེ་ཁག་གི་ལྟ་སྐུལ་དོ་དམ་བྱ་བའི་འཆར་གཞིའི་གྲོས་དོན་གྲོས་གཞིའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ལག་བསྟར་བསམ་འཆར་སོགས་ཀྱི་སྙན་ཞུར་ཉན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注