རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞིས་ལྟེ་གནས་དང་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་མཉམ་འདྲེས་མཛད་སྒོ་མཚོ་སྔོན་སློབ་ཆེན་ཚན་རྩལ་གླིང་དུ་འཚོགས།

ཟླ7པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞིས་ལྟེ་གནས་དང་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་ཀྱི་མཉམ་འདྲེས་མཛད་སྒོ་མཚོ་སྔོན་སློབ་ཆེན་ཚན་རྩལ་གླིང་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བར་མ་ཟད། མཛད་སྒོར་ཞུགས་མཁན་གྱི་མགོ་ཁྲིད་དང་སྐུ་མགྲོན་ཚོ་དང་མཉམ་དུ་རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞིས་ལྟེ་གནས་དང་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་ཀྱིས་མཉམ་འདྲེས་བྱས་པ་རེད།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཞུགས་མགོ་ཁྲིད་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ་དང་། ཅང་སུའུ་ཞིང་ཆེན་དང་། ཆིང་ཧྭ་སློབ་ཆེན། འབྲེལ་ཡོད་ཕྱོགས་ཁག་བཅས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་དགའ་བསུ་ཞུ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་ནས་གསུང་བཤད་གལ་ཆེན་གནང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ཁ་ཕྱོགས་གསར་པ་གསལ་སྟོན་དང་། གནས་ཚད་གསར་པ་གཏན་འབེབས། འགན་འཁྲི་གསར་པ་སྤྲད་ལ། བླང་བྱ་གསར་པ་བཏོན་པ་བཅས་ལས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མཚོ་སྔོན་མི་དམངས་ལ་ཐུགས་ཁུར་དང་གཅེས་སེམས་ཆེན་པོ་གནང་བ་གང་ལེགས་སྒོས་མཚོན་ཡོད། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞིས་ལྟེ་གནས་དང་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང་། ཤར་ནུབ་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་མངོན་པ་དང་། རང་ཞིང་གི་རིམ་འདས་རྩིས་རྒྱག་རྨང་གཞིའི་སྒྲིག་བཀོད་ཀྱི་སྟོང་ཆ་གསབ་པ། མཚོ་སྔོན་འཕེལ་རྒྱས་གཏོང་བར་ལྗང་མདོག་རྩིས་རྒྱག་ནུས་ཀྱིས་སྣེ་ཁྲིད་བྱེད་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ལ་སྒུལ་ཤུགས་གསར་པ་དང་སྒུལ་ནུས་གསར་པ་བསྣན་རྒྱུ་རེད། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞིས་ལྟེ་གནས་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་ལག་རྡང་སྦྲེལ་ནས་གྲངས་འཛིན་གསར་གཏོད་སྟེགས་བུ་ཇེ་ལེགས་སུ་གཏོང་བ་དང་། ལག་རྡང་སྦྲེལ་ནས་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་སྟོབས་ཆེར་གཏོང་བ། ལག་རྡང་སྦྲེལ་ནས་གྲངས་འཛིན་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་རྟེན་གཞི་ཐུན་མོང་ཐོག་གསར་གཏོད་བྱེད་པའི་རེ་བ་ཡོད།

ཆིང་ཧྭ་སློབ་ཆེན་སློབ་དོན་ཨུ་ཡོན་ལྷནཁང་གི་ཀྲུའུ་རིན་གཞོན་པ་ཧྲི་ཙུང་ཁའེ་དང་། ཅང་སུའུ་ཞིང་ཆེན་ཝུའུ་ཞིས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲའོ་ཅན་ཅུན། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞིས་ལྟེ་གནས་ཀྱི་ཀྲུའུ་རིན་དབྱང་ཀོང་ཝུན་བཅས་ཀྱིས་ཤིས་ཚིག་ཕུལ།

ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ལཱ་ཙི་པེ་ཁེ·རེ་སུའུ་ལི་ཧན་དང་། དབྱང་ཀྲི་ཝུན། ཝང་ཞོན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཁྲིན་ཙུའོ་ཉིང་དང་ཀྲིན་ཝུའེ་མིང་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号