ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་ལྔ་བ་གཟབ་རྒྱས་ངང་བསྡུས།
ཟླ7པའི་ཚེས11ཉིན། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་དུ་བྱས་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་ལྔ་པ་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་འགོ་བརྩམས།
ཟླ7པའི་ཚེས11ཉིན། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་དུ་བྱས་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་ལྔ་པ་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་འགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་གྱིས་ཤིས་ཚིག་ཕུལ་བར་མ་ཟད་ཚོང་གཏམ་གྲོས་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཁྲིན་ཀང་གིས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་མཛད་སྒོར་ཞུགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ལིས་ཅཱ་དང་། ཐེན་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧྲོ་ཧུང་། འཁྱག་གླིང་གི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དབྱི་པུའུ་ལེ། མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་རྩ་འཛུགས་ཀྱི་ཀྲུང་གོར་སྡོད་པའི་འཐུས་ཚབ་ཁྲུའུ་ཡི་གནས་སྐབས་ལས་ཚབ་ཀྲང་ཀྲུང་ཅུན་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཚྭ་མཚོ་རིག་པའི་གསར་འབྱེད་པ་དང་རྨང་འདིངས་པ་ཀྲིན་མེན་ཕིང་གིས་བརྗེ་རེས་གཏམ་བཤད་བྱས།
ཝང་ཀོང་ཆན་གྱིས་ཚོང་གཏམ་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཧ་ཅང་མཐོང་ཆེན་བྱས་པ་དང་། ཐེངས་གསུམ་ལ་མཚོ་སྔོན་དུ་གཟིགས་ཞིབ་མཛད་ལ། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས། རྒྱུན་འཁྱོངས་གསུམ་གྱི་བླང་བྱ་གལ་ཆེན་གཏན་ཁེལ་གསལ་བོ་བྱས་ལ། མཚོ་སྔོན་གྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པའི་མངག་བཅོལ་བཏོན་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་སྐྱེ་ཁམས་དཔལ་འབྱོར་གྱི་བཙན་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན། སྐབས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱིས་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་རྒྱུན་འཛིན་བྱས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་འགུལ་སྐྱོད་དངོས་དང་། མིག་སྔར་གྱི་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་གཅིག་འདོམས་བྱེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན། རེ་བ་ཡིན་ན་མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། ཕྱོགས་སོ་སོའི་དངོས་གཉེར་བརྗེ་རེས་དང་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་ཁག་ཁུར་གསར་བ་དང་འབད་འཐབ་གསར་བ་མངོན་པར་བྱེད་དགོས། ཚོང་གཏམ་གྲོས་ཚོགས་དེ་མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་སྟེགས་བུ་གལ་ཆེན་ཡིན་པའི་ཆ་ནས། སྐབས་ཉེར་བཞིར་བསྡུས་པ་དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་ཁུལ་ཁོངས་མཉམ་ལས་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་སྟེགས་བུ་དང་ལམ་བུར་འགྱུར་བར་བྱེད་པ། ཚོགས་ཞུགས་ཕྱོགས་སོ་སོས་མིག་སྔར་ལ་རྐང་འཛུགས་པ་དང་མ་འོངས་བར་རྒྱང་ལྟ་བྱེད་པ། ལྗང་མདོག་གོ་སྐབས་དམ་འཛིན་བྱེད་པ། རང་འགུལ་གྱིས་ལྗང་མདོག་གི་འགན་འཁྲི་ཕྲག་ཏུ་ལེན་པ། ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུའི་ཐོན་ཁུངས་དགེ་མཚན་བཀོལ་སྤྱོད་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་ཡོད།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་གྲོགས་པོ་རྣམས་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གསུམ་གྱི་རྗེས་སུ་ཡང་བསྐྱར་མཐོ་སྒང་དུ་ཕེབས་ནས། མཚོ་སྔོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། འཕེལ་རྒྱས་ཐད་སྒུལ་ནུས་ཆེན་པོ་བསྣན་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་ཚོར་ཡར་བརྩོན་བྱེད་པའི་བརྩེ་སེམས་དང་ངར་ཤུགས་ཆེ་རུ་སྐྱེད་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཆེན་པོའི་འོག མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས། དེ་ནི་ཏང་ཀྲུང་དབྱང་གི་མཐོང་ཆེན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྔར་མེད་ཀྱི་ཁྱད་འཕགས་ལས་བྱུང་བ་ཡིན་ལ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ལས་བྱུང་བ་ཡིན། སྒོ་འབྱེད་རང་རྟོན་གྱི་མཚོ་སྔོན་གྱིས་ཕྱོགས་གཉིས་མཆོང་རྒྱུག་གི་དོན་སྙིང་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སྤོབས་པ་ཆེན་པོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་ཀྱི་དགོས་མཁོ་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་པ་དང་། མཚོ་སྔོན་གྱི་འཇོན་ནུས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་བྱས་རྗེས་མངོན་པར་བྱས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གི་དྲིན་བསམ་པ་དང་། ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་གི་ཁེ་ལས། ཁ་གཏད་རོགས་སྐྱོར་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་མེད་སྐྱེས་འབུལ་གྱི་དྲིན་བསམ་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པ་དང་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་སྤྱི་ཚོགས་ལས་རིགས་སོ་སོའི་རོགས་སྐྱོར་གྱི་དྲིན་བསམ་པ། མཉམ་ལས་མཉམ་རྒྱལ་གྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་ཕྱོགས་སོ་སོའི་བརྩེ་སེམས་ལ་ཕྱིར་ལན་འཇལ་དགོས། མཚོ་སྔོན་གྱིས་ཕྱོགས་བཞིའི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་འབྲི་བྱེད་པ་དང་སྒོ་འབྱེད་མཉམ་ལས་ཀྱི་མ་འོངས་གསར་བ་འཆར་འགོད་བྱེད་འདོད་ཡོད་ཟེར།
ཨན་ལིས་ཅཱ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་ཚབ་བྱས་ནས་ཚོང་གཏམ་གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱས་པ་དང་། གཡོ་འགུལ་མི་བྱེད་པ་གཉིས་ཀྱི་མཛུབ་སྟོན་བྱེད་ཕྱོགས་ནམ་ཡང་རྒྱུན་འཁྱོངས་བྱས་ལ། ཧུར་ཐག་གིས་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། མཚོ་སྔོན་གྱི་སྦས་ཤུགས་དངོས་སུ་བསྡུ་རུབ་བྱེད་བཞིན་པའི་སྒང་ཡིན་པ་དང་། མཚོ་སྔོན་གྱི་དགེ་མཚན་སྔར་ལས་མངོན་གསལ་ཡིན་ལ། ཚང་མས་སྔར་བཞིན་དུ་མཚོ་སྔོན་ལ་དོ་སྣང་བྱེད་པ་དང་མཚོ་སྔོན་ལ་དངུལ་གཏོང་བྱེད་པ། མཚོ་སྔོན་དང་མཉམ་དུ་མདུན་སྐྱོད་བྱེད་པ་དང་འོད་སྟོང་འབར་བའི་མ་འོངས་བསྐྲུན་རྒྱུའི་རེ་བ་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྱང་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། དམངས་གཉེར་ཁེ་ལས་སྔར་ལས་མང་པོས་མཚོ་སྔོན་དུ་དངུལ་གཏོང་ལས་དར་བྱེད་པར་ཞབས་འདེགས་ཞུ་བ་དང་སྣེ་ཁྲིད་བྱས་ཏེ། རབ་མཛེས་མཚོ་སྔོན་གྱི་སྔར་ལས་མཛེས་པའི་མ་འོངས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན།
ལིས་ཧྲོ་ཧུང་གིས་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་ཚོང་གཏམ་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཐེན་ཅིན་དང་མཚོ་སྔོན་གཉིས་བར་དུ་དུས་ཡུན་རིང་བའི་མཐོ་གནས་སྐུལ་འདེད་དང་མཉམ་ལས་མཉམ་རྒྱལ་གྱི་འབྲེལ་བ་དམ་པོ་སྲུང་འཛིན་བྱས། ཐེན་ཅིན་གྲོང་ཁྱེར་གྱིས་ཐོན་ལས་རོགས་སྐྱོར་དང་དམངས་ཚིས་འགན་སྲུང་། རིག་ནུས་ཀྱི་རྒྱབ་སྐྱོར། རིག་གནས་སློབ་གསོའི་རོགས་སྐྱོར། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་སོགས་ཕྱོགས་ནས་རྒྱུན་མཐུད་ངང་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱས་པ་དང་། ཐེན་ཅིན་དང་མཚོ་སྔོན་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། སྐབས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱི་གཙོ་སྒྲུབ་གྲོང་ཁྱེར་ཡིན་པའི་ཆ་ནས། ང་ཚོས་གོ་སྐབས་འདི་སྤྱད་དེ་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སློབ་སྦྱོང་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱེད་པ། རྒྱལ་ཁབ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། ཚང་མ་དང་མཉམ་དུ། མཉམ་ལས་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་བ་མཉམ་འབྲི་བྱེད་འདོད་ཡོད།
དབྱི་པུའུ་ལེ་ཡིས་བཤད་རྒྱུར། མཚོ་སྔོན་གྱིས་འཁྱག་གླིང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་མགྲོན་བདག་རྒྱལ་ཁབ་དང་པོར་གཏན་ཁེལ་བྱས་པར་བཀའ་དྲིན་ཞུས་པ་ཡིན། འཁྱག་གླིང་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་། མི་གཞུང་བརྗེ་རེས་བཅས་ཀྱི་ཐད་རྨང་གཞི་བཏིངས། འཁྱག་གླིང་དང་ཀྲུང་གོ་གཉིས་ཀ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། དེ་ནི་འཁྱག་གླིང་དང་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་གི་དམ་བཅའ་བརྟན་པོ་བཞག་པའི་རྐྱེན་ཡིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཐད་གོ་སྐབས་མང་པོ་འདོན་སྤྲོད་བྱས་པ་དང་། འཁྱག་གླིང་གི་ཁེ་ལས་ཀྱི་ཞབས་ཞུ་དང་ཐོན་རྫས་ཀྱིས་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཐད་རིན་ཐང་ཁྱེར་ཡོང་བར་མ་ཟད། ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།
རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སྐོར་ཞིག རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། གླིང་གཉིས་ཀྱི་ཡོན་ཧྲི། ཆེད་མཁས་པ་དང་རིག་གནས་པ། ཞང་ཀང་དང་ཐའེ་ཝན། ལས་རིགས་དང་ཚོང་ལས་མཐུན་ཚོགས་ཀྱི་འཐུས་ཚབ་པ། ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་སྐོར་ཞིག དམངས་གཉེར་ཁེ་ལས་པ་སོགས་མཛད་སྒོར་ཞུགས།
མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལེན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན། པད་གོ། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལིའུ་ཐོ། དབྱང་ཀྲི་ཝུན། ལིའུ་ཁྲོ། ལིས་ཧོང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་། ཝང་ཞོན་བཅས་མཛད་སྒོར་ཞུགས།
ཉིན་དེར། འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་གྱིས་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注