རྟ55ལ“གེ་སར་རྒྱལ་པོའི་བུམ་པའི”རྟ་རྒྱུག་གོམ་རྩལ་འགྲན་བསྡུར་སྟེང་ཞུགས་པའི་ཐོབ་ཐང་ཐོབ་པ།

ཟླ7པའི་ཚེས10ཉིན། 2024ལོའི་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས“གེ་སར་རྒྱལ་པོའི་བུམ་པའི”རྟ་རྒྱུག་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཕྱོགས་བསྡུས་ལུས་རྩལ་ཐང་དུ་འཚོགས་པ་རེད། ཛ་དྲག་གི་འགྲན་བསྡུར་གོ་རིམ་བརྒྱུད། རྟ་མཆོག55ལ་ད་ལོའི་རྟ་རྒྱུག་འགྲན་བསྡུར་གྱི་གོམ་རྩལ་འགྲན་བསྡུར་རྣམ་གྲངས་ནང་ཞུགས་པའི་ཐོབ་ཐང་ཐོབ། 

གསར་འགོད་པས་ཡུལ་དངོས་སུ་རྟ་བ་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་རིམ་པ་བཞིན་འགྲན་རར་བསྐྱོད་པ་མཐོང་ཞིང་། ལས་དོན་མི་སྣས་གཟབ་ནན་ངང་འགྲན་བསྡུར་ནང་ཞུགས་པའི་རྟ་ཚང་མར་ཨང་གྲངས་བཏགས་ནས་འགྲན་བསྡུར་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱས། དུས་ཡུན་ཐུང་ངུའི་ངལ་གསོ་དང་གྲ་སྒྲིག་བྱས་རྗེས་རྟ་བ་དང་འགྲན་རྟ་གཉིས་ཀྱིས་སྟོབས་ཤུགས་བསགས་ནས་འགྲན་ལམ་སྟེང་ཉམས་འགྱུར་ངོམ་པར་གྲ་སྒྲིག་བྱེད་ཀྱིན་ཡོད། གྲ་སྒྲིག་འགྲན་བསྡུར་མགོ་ཚུགས་རྗེས། རྟ་བ་ཚོས་མཐུར་མདར་དམ་པོར་འཇུས་ཤིང་སྤོབས་པ་ཆེར་བསྐྱེད་ཀྱིས་མེ་མདའ་གསལ་བའི་སྒྲ་ཞིག་གྲགས་པ་དང་བསྟུན། རྟ་ལ་ལྕག་གིས་གཞུས་ནས་མདའ་ལྟར་མདུན་དུ་མཆོང་རྒྱུག་བྱས་ནས་རྒྱལ་ཕམ་གྱི་འགྲན་རྩོད་ལ་ཞུགས།

འགྲན་ལམ་སྟེང་མི་རྟ་གཉིས་ཀྱི་མ་གྲོས་གཅིག་མཐུན་གྱིས་ངོ་མཚར་ཆེ་བའི་མྱུར་ཚད་ཀྱིས་ལྟད་མོ་བ་ཚོར་མིག་ལ་མཛེས་ཤིང་ཧ་ལས་པའི་རྟ་རྩལ་ངོམ་པ་དང་། འགྲན་རའི་འགྲམ་གྱི་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུག

ཡུས་ཧྲུའུ་ཁུལ་དམངས་ཁྲོད་ལུས་རྩལ་རྩལ་འགྲན་མཐུན་ཚོགས་ཀྱི་ལས་དོན་མི་སྣ་ཤེས་རབ་འོད་ཟེར་གྱིས་བཤད་རྒྱུར། 2024ལོའི“ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན”དེ་ཟླ7པའི་ཚེས24ནས་ཚེས27ཉིན་བར་ཡུས་ཧྲུའུ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་རྟ་རྒྱུག་འགྲན་བསྡུར་དང་། གོམ་རྩལ་འགྲན་བསྡུར། ནོར་གནག་འགྲན་བསྡུར། དེ་བཞིན་དམངས་ཁྲོད་ལུས་རྩལ་རྩལ་འགྲན་བཅས་རྣམ་གྲངས་གཞན་དག་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་གྱི་གདམ་གསེས་འགྲན་བསྡུར་ལས་གཞན། ཟླ7པའི་ཚེས19ཉིན་ཡུས་ཧྲུའུ་ཁུལ་ཕྱོགས་བསྡུས་ལུས་རྩལ་ཐང་དུ་ད་དུང་རྟ་རྒྱུག་གྲ་སྒྲིག་འགྲན་བསྡུར་གྱི་འགྲན་བསྡུར་དྲག་པོ་བྱ་རྒྱུ་ཡིན་པ་རེད། མིག་སྔར་འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་དང་རྟ་ཚང་མ་གྲ་སྒྲིག་བྱས་ཟིན་པ་དང་། གྲ་སྒྲིག་ལས་དོན་སོ་ོསོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།  



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号