“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་འགྲིམ་འགྲུལ་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་གྱི་བགྲོ་གླེང་ཚོགས་འདུའི་མཚོ་སྔོན་ཡན་ལག་ཚོགས་པ་ཟི་ལིང་དུ་འཚོགས་པ།

ཟླ7པའི་ཚེས10ཉིན“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་འགྲིམ་འགྲུལ་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་གྱི་བགྲོ་གླེང་ཚོགས་འདུའི་མཚོ་སྔོན་ཡན་ལག་ཚོགས་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་མགོ་ཚུགས་པ་རེད། མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་གོ་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གནང་།

ད་ལོ་ནི“ལམ་གཉིས”ཀྱི་དགོངས་དོན་བཏོན་ནས་ལོ་ངོ10འཁོར་བ་དང་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་ངོ70འཁོར་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་མཉམ་འབྲེལ“ལམ་གཉིས”ཀྱི་སྙིང་སྟོབས་སློབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་འཚོགས་པ་དེའི་དམིགས་ཡུལ་ནི“ལམ་གཉིས”ཀྱི་སྙིང་སྟོབས་སྔར་བས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་སྔར་བས་མཛེས་སྡུག་ལྡན་པའི་འོད་མདངས་མངོན་པ་དང་། སྔར་བས་ཕུན་སུམ་ཚོགས་པའི་དུས་རབས་ཀྱི་རིན་ཐང་མངོན་ཐུབ་པ་བྱ་རྒྱུ་དེ་རེད། ཚོགས་འདུའི་ཐོག“ལམ་གཉིས”ཀྱི་སྙིང་སྟོབས་དང་འགྲིམ་འགྲུལ་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་དུས་རབས་རིན་ཐང་དང་།“ལམ་གཉིས”ཀྱི་ལོ་རྒྱུས་འབྱུང་ཁུངས་དང་འགྱུར་ལྡོག“ལམ་གཉིས”འཛུགས་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་མི་སེམས་འགུལ་བའི་བྱས་རྗེས་དང་འགྲིམ་འགྲུལ་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་བཅས་ལ་དམིགས་ནས་གྲོས་བསྡུར་བྱས།

ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་རེད། “མཚོ་བོད་གཞུང་ལམ་གྱི་ཨ་ཕ”ལྟ་བུའི་དམག་དཔོན་མུའུ་ཧྲེང་ཀྲུང་གི་གཉེན་ཉེའི་འཐུས་མི་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ན་གོར་མོ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ། མོ་ཧོ་རྔ་མོང་ར་བ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་གཙོ་དོན་གཏམ་བཤད་གནང་བ་རེད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ400ལྷག་ཙམ་གྱིས་ཡུལ་དངོས་སུ“ལམ་གཉིས”རྒྱབ་ཀྱི་གཏམ་རྒྱུད་ལ་ཉན་པ་དང“ལམ་གཉིས”ཀྱི་སྙིང་སྟོབས་ཕུན་སུམ་ཚོགས་པའི་ནང་དོན་ཤེས་རྟོགས་བྱུང་།

 མགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་ཞུགས་མི་སྣས་མཚོ་སྔོན་མི་རིགས་སློབ་ཆེན་གནའ་གཞུང་ཁང་དང་། སློབ་གྲྭའི་ལོ་རྒྱུས་ཁང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་གཏོད་པའི་ཞིབ་འཇུག་རྟེན་གཞི་བཅས་ལ་ལྟ་སྐོར་བརྟག་ཞིབ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号